འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།ན་ནིང་བོད་ཀྱི་འབྲོག་ལས་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་82.7ཟིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་22ཉིན། 16:54】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
            མི་དམངས་དྲ་བའི་འཕྲིན། 2016ལོར་བོད་ཀྱི་འབྲོག་ལས་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་82.7ཟིན་པ་དང་ལུག་ཤ་དང་། ཚགས་ཤ དཀར་ཆུའི་ཐོན་ཚད་ཏུན་ཁྲི་27.63དང་ཏུན་ཁྲི་36.17སོ་སོར་ཟིན་ཡོད། འདི་ནི་ཚེས་19ཉིན་གསར་འགོད་པས་བོད་ཀྱི་གཟན་རྩྭ་དང་། དཀར་ཆུ། འབྲི་གཡག ལུག་བཅས་ཀྱི་ཐོན་ལས་ཆེན་པོ་བཞིའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བའི་གནས་ཚུལ་ཡིན།
             ད་ཕན་ལོ་ཤས་རིང་། བོད་ཀྱིས“གཟན་རྩྭ་སྔོན་ལ་འཕེལ་རྒྱས་གཏོང་བའི”སྲིད་ཇུས་ལག་བསྟར་བྱས་པར་བརྟེན་འབྲོག་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ནས་རྩྭ་ཕྱུགས་ལས་རིགས་ཀྱི་ཐོན་ལས་མ་ལག་རིམ་གྱིས་ཆགས་ཐབས་ལ་བརྟེན་ནས། མིག་སྔར་ལྗོངས་ཡོངས་སུ་མི་ཐབས་ལ་བརྟེན་ནས་བཟོས་པའི་རྩྭ་ར་མུའུ་ཁྲི་149.28ཡོད་པ་དང་། རང་བྱུང་རྩྭ་ཐང་གི་ཕྱོགས་བསྡུས་སྔོ་ཁེབས་ཁྱབ་ཚད་44.7%ཟིན་པ། ལྗོངས་ཡོངས་སུ་འབྲི་གཡག་ལག་ཡོད་མགོ་གྲངས་ཁྲི་450ཟིན་ཡོད། བོད་ཀྱི་ཞིང་འབྲོག་ལས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་བླང་བྱ་གཞིར་བཟུང་། གཟན་རྩྭའི་འདེགས་སྐྱོར་རྟེན་གཞི་འཛུགས་པ་དང་དཀར་ཆུ་དང་། འབྲི་གཡག ལུག་བཅས་ཀྱི་ཐོན་ལས་ཆེ་རུ་དང་སྟོབས་ཆེར་བཏང་ནས་2020ལོར་སྤུས་ལེགས་ཀྱི་མི་ཐབས་ལ་བརྟེན་ནས་བཟོས་པའི་གཟན་རྩྭའི་རྟེན་གཞི་མུའུ་ཁྲི་100བསྐྲུན་རྒྱུ་དང་ཤ་དང་དཀར་ཆུའི་ཐོན་ཚད་ཏུན་ཁྲི་100ཟིན་རྒྱུའི་བརྩོན་ལེན་བྱ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།