འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་གྱིས་ལོ་སྟོད་དུ་འགྲུལ་པ་མི་ཐེངས་ཁྲི་207སྐྱེལ་འདྲེན་བྱས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་21ཉིན། 10:06】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
            མི་དམངས་དྲ་བའི་འཕྲིན། འདི་ལོའི་ཟླ་དང་པོ་ནས་དྲུག་པའི་བར་བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་གྱིས་འགྲུལ་པ་མི་ཐེངས་ཁྲི་207སྐྱེལ་འདྲེན་བྱས་པ་དེ་དུས་མཚུངས་ལས་11.8%འཕར་ཡོད་པ་རེད།
          ལོ་སྟོད་དུ་བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་གྱིས་དུས་གཏན་གནམ་གྲུ་ཐེངས་ཁྲི་1.96འཕུར་འབབ་བྱས་ནས་དངོས་ཟོག་ཏུན་ཁྲི་1.59དབོར་འདྲེན་བྱས་པ་དེ་དུས་མཚུངས་ལས་5.2% དང་26.2%སོ་སོར་འཕར་ཡོད་པ་རེད། ཉིང་ཁྲི་ནས་ཤིས་ཨན་བར་གྱི་མཁའ་ལམ་གསར་པ་བཏོད་རྗེས་མཁའ་ལམ་གྱི་གྲངས་འབོར་72བར་མང་དུ་ཕྱིན་ནས་གནམ་གྲུ་ཤར་གཏོང་ཐུབ་པའི་གྲོང་ཁྱེར་41ཟིན་ཡོད།
           དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་ཁུལ་ཅུས་ཀྱི་འབྲེལ་ཡོད་འགན་ཁུར་བས། འདི་ལོ་བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་གྱིས་ལོ་ཧྲིལ་པོར་འགྲུལ་པ་མི་ཐེངས་ཁྲི་450ལྷག་ཙམ་སྐྱེལ་འདྲེན་བྱེད་རྩིས་ཡོད་པ་དང་། དེ་གོང་གི་ཉམས་མྱོང་ལ་གཞིགས་ན། ལོ་སྨད་དུ་སྐྱེལ་འདྲེན་བྱེད་ཚད་ལོ་སྟོད་ལས་སྤྱིའི་ཆ་ནས་མང་བ་ཡོད་པ་དང་། འགྲུལ་པ་ཕར་འགྲོ་ཚུར་འོང་མང་བའི་དུས་ཚོད་ནི་ཟླ་བདུན་པ་དང་བརྒྱད་པ་རེད་ཅེས་བཤད།
             དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་ཁུལ་ཅུས་ཀྱིས་རྒྱ་ཆེའི་འགྲུལ་པར་དབྱར་དུས་ནི་ཡུལ་སྐོར་བ་མང་ཤོས་ཀྱི་དུས་ཡིན་པས་བོད་དུ་ཡོང་རྩིས་ཡོད་པའི་འགྲུལ་པས་ཕྱིར་ལོག་པའི་དུས་ཚོད་བཀོད་སྒྲིག་ལུགས་མཐུན་བྱས་ནས་ཕྱི་འབྱོར་གྱི་གནས་ཚུལ་མི་ཐོན་པ་བྱེད་དགོས་པའི་དྲན་སྐུལ་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།