འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱིས་ལོ་མཇུག་གོང་ཞིང་ཆེན་རིམ་པའི་དམངས་ཡོངས་འགན་བཅོལ་ལ་ཞུགས་པའི་
    གྲངས་གཞིའི་མཛོད་རགས་ཙམ་འཛུགས་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་21ཉིན། 10:05】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། གསར་འགོད་པས་བོད་ལྗོངས་མི་སྤྱི་སྡེ་ཚན་ནས་ཤེས་རྟོགས་བྱུང་གསལ་དུ། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་དང་མི་སྤྱི་སྡེ་ཚན་གྱི་སྤྱི་ཚོགས་འགན་བཅོལ་ལྟེ་གནས་ཀྱི་ལས་སྒོའི་མཛུབ་ཁྲིད་འོག་བོད་རང་སྐྱོང་ལྗོངས་ཀྱི་དམངས་ཡོངས་འགན་བཅོལ་ལ་ཞུགས་པའི་འཆར་གཞིའི་ལག་བསྟར་ལས་དོན་གྱི་འཕེལ་རིམ་བདེ་བླག་བྱུང་ཞིང་། སྔོན་དཔག་བྱས་ན་འདི་ལོའི་ལོ་མཇུག་གོང་དམངས་ཡོངས་ཀྱི་འགན་བཅོལ་ལ་ཞུགས་པའི་གྲངས་གཞིའི་མཛོད་རགས་ཙམ་འཛུགས་རྒྱུ་དང་འབྲེལ་རྒྱལ་ཡོངས་ཀྱི་གྲངས་གཞིའི་མཛོད་དང་སྦྲེལ་མཐུད་བྱ་རྒྱུ་རེད།
          མི་སྤྱི་སྡེ་ཚན་གྱི་དམངས་ཡོངས་འགན་བཅོལ་ལ་ཞུགས་པའི་འཆར་གཞིའི་སྤྱིའི་བཀོད་སྒྲིག་གཞིར་བཟུང་འདི་ལོའི་ཟླ་བ་བདུན་པའི་གོང་བོད་རང་སྐྱོང་ལྗོངས་ཀྱིས་དུད་ཚང་དུ་བརྟག་ཞིབ་བྱས་ཏེ་ཐོ་འགོད་དང་གྲངས་གཞི་གོང་ཞུའི་ལས་དོན་ལེགས་སྒྲུབ་བྱ་རྒྱུ་དང་། ཟླ་བ་བརྒྱད་པའི་ཟླ་མཇུག་གོང་ཞིང་ཆེན་རིམ་པའི་མ་ལག་གི་མཐུད་ཁ་སྒྱུར་བཅོས་བྱ་རྒྱུ་དང་འབྲེལ། མི་སྤྱི་སྡེ་ཚན་གྱི་དམངས་ཡོངས་འགན་བཅོལ་ལ་ཞུགས་པའི་ཐོ་འགོད་མ་ལག་དང་སྦྲེལ་མཐུད་བྱ་རྒྱུ། ཟླ་བ་དགུ་པའི་ཟླ་མཇུག་གོང་དམངས་ཡོངས་འགན་བཅོལ་ལ་ཞུགས་པའི་ཐོ་འགོད་གྲངས་གཞིའི་གོང་ཞུའི་ལས་དོན་ལེགས་སྒྲུབ་བྱ་རྒྱུ་བཅས་རེད།
          དེའི་རྨང་གཞིའི་ཐོག་2018ལོར་སྤྱི་ཚོགས་འགན་བཅོལ་གྲངས་གཞི་རྒྱལ་ཡོངས་དང་དྲ་སྦྲེལ་ཐུབ་པ་དང་སྟབས་བསྟུན་དོ་དམ་བྱ་རྒྱུ་མ་ཟད། འགན་བཅོལ་ལ་ཞུགས་པའི་གྲངས་གཞིའི་གྲུབ་འབྲས་དབྱེ་ཞིབ་དང་། བེད་སྤྱོད། ཕྱོགས་སྒྱུར་བཅས་ཀྱི་ལས་དོན་རིམ་བཞིན་སྤེལ་ཏེ་སྤྱི་ཚོགས་འགན་བཅོལ་གྱི་ཞིབ་ཚགས་ཅན་གྱི་དོ་དམ་ཞབས་ཞུར་རྨང་གཞི་བརྟན་པོ་ཞིག་གདིང་རྒྱུ་རེད། 2020ལོར་སླེབས་སྐབས་ཁྲིམས་གཏན་མི་ཚོགས་ཡོངས་ལ་ཁྱབ་པ་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།