འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་འགལ་བས་ཟླ་6པའི་ནང་མི་
    7518ལ་ཆད་པ་ཁེལ་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་20ཉིན། 15:16】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་19ཉིན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་ལྟ་ཞིབ་པུའུ་ཡི་དྲ་ཚིགས་ནས་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལས་མངོན་གསལ། 2017ལོའི་ཟླ་བ་6པར་རྒྱལ་ཡོངས་སུ་ཁྱོན་བསྡོམས་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་གནད་དོན་5671ཞིབ་གཅོད་བྱས་པ་དང་། མི་7518ལ་ཆད་པ་ཁེལ་ཞིང་། མི་5151ལ་ཏང་གི་སྒྲིག་ཁྲིམས་དང་སྲིད་གཞུང་སྒྲིག་ཁྲིམས་ཀྱི་ཆད་པ་ཁེལ་བ་རེད།
         རྒྱལ་ཡོངས་སུ་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་མཐར་ཕྱིན་བྱེད་པའི་གནས་ཚུལ་ཁོང་དུ་ཆུད་པར་བྱ་ཆེད། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར། ཤིང་ཅང་ཐོན་སྐྱེད་འཛུགས་སྐྲུན་དཔུང་ཚོགས་བཅས་31དང་། ཀྲུང་དབྱང་དང་རྒྱལ་ཁབ་ཀྱི་ལས་ཁུངས་139 ཀྲུང་དབྱང་ཁེ་ལས་102 ཀྲུང་དབྱང་དངུལ་རྩའི་ཁེ་ལས་15བཅས་སུ་ཀྲུང་དབྱུང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་བྱས་ཚུལ་ཟླ་རེར་སྙན་ཞུ་འབུལ་རྒྱུའི་ལམ་ལུགས་བཙུགས་པ་རེད།
         ཁྱབ་བསྒྲགས་བྱས་ཚུལ་ལ་བལྟས་ན། 2017ལོའི་ཟླ་བ་6པར་གནད་དོན་5671ཞིབ་གཅོད་བྱས་པ་དང་། དེའི་ཁྲོད་དུ་ གཏན་འབེབས་དང་འགལ་ནས་གཞུང་དོན་དུ་སྤྱོད་པའི་རླངས་འཁོར་བཀོད་སྒྲིག་བེད་སྤྱོད་བྱས་པའི་གནད་དོན་1423དང་། གཏན་འབེབས་དང་འགལ་ནས་ཕོགས་སྣོན་དང་ཁ་གསབ་རོགས་དངུལ་ལམ་ཕན་བདེ་སྤྲད་པའི་གནད་དོན་1245 གཏན་འབེབས་དང་འགལ་ནས་ལག་རྟགས་དང་འབུལ་རྟེན་དངུལ་བླངས་པའི་གནད་དོན་831 གཏན་འབེབས་དང་འགལ་ནས་གཞུང་དངུལ་སྤྱད་དེ་བཟའ་བཏུང་བྱས་པའི་གནད་དོན་746 གཉེན་སྟོན་འདས་མཆོད་དང་དགའ་སྟོན་རྟེན་འབྲེལ་ཆེ་གཉེར་བྱས་པའི་གནད་དོན་582 ཐོག་ཁང་དང་། ཚོམས་ཁང་། མགྲོན་ཁང་། སྣེ་ལེན་ཁང་བཅས་གཏན་འབེབས་དང་འགལ་བའི་གནད་དོན་302 ཚད་གཞི་དང་བརྒལ་བའི་སྣེ་ལེན་འདོན་སྤྲོད་དམ་དང་ལེན་བྱས་པ་དང་། འཛད་སྤྱོད་ཚོད་མེད་ཀྱི་རོལ་རྩེད་ལུས་སྦྱོང་བྱེད་སྒོ་དང་ལེན་ནམ་གཞུང་དངུལ་བཏང་ནས་ཞུགས་པ།  གཏན་འབེབས་དང་འགལ་ནས་མི་སྒེར་གྱི་འདུ་གནས་ལ་འགྲོ་འོང་བྱས་པ།  འགོ་ཁྲིད་ལས་བྱེད་པའི་སྡོད་ཁང་གཏན་འབེབས་དང་འགལ་བ་བཅས་ཀྱི་གནད་དོན་301 སྤྱི་དངུལ་བེད་སྤྱད་དེ་ཡུལ་སྐོར་ཕྱིན་པའི་གནད་དོན་241བཅས་ཞིབ་གཅོད་བྱས་པ་རེད། ཟླ་བ་6པར་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་འགལ་བས་ཏང་གི་སྒྲིག་ཁྲིམས་དང་སྲིད་གཞུང་གི་སྒྲིག་ཁྲིམས་ཀྱི་ཆད་པ་ཁེལ་བའི་ལས་བྱེད་པའི་ཁྲོད་དུ་ས་ཁུལ་ལམ་ཐིང་རིམ་པའི་མི་56དང་རྫོང་ངམ་ཁྲུའུ་རིམ་པའི་མི་345ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།