འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།གཞན་གྱི་ཚེ་སྲོག་སྲུང་བའི་ཕྱིར། དཀའ་བའི་མཆི་མ་ཁོག་ཏུ་མིད།

    —— མཚོ་བོད་ལྕགས་ལམ་བདག་སྐྱོང་བར་བཅར་འདྲི་བྱས་པའི་སྐོར།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་21ཉིན། 10:01】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།གཞན་གྱི་ཚེ་སྲོག་སྲུང་བའི་ཕྱིར། དཀའ་བའི་མཆི་མ་ཁོག་ཏུ་མིད།
           མི་དམངས་དྲ་བའི་འཕྲིན། “ཡར་མར་འགྲོ་མཁན་མེ་འཁོར་མི་འདུག ཕྱིན་ཆོག་པ་འདུག”ཅེས་ཁ་གསལ་བའི་འབོད་ཚིག་དང་གྲལ་སྒྲིག་པའི་ལག་བརྡའི་སྟོན་ཕྱོགས་ལྟར་ཡར་འགྲོ་མར་འགྲོ་བྱེད་མཁན་མེ་འཁོར་ཡོད་མེད་ཞིབ་ཚགས་ངང་བལྟས་རྗེས་མཚོ་བོད་ལྕགས་ལམ་ཀུང་སི་གོར་མོ་བཟོ་དོན་དུམ་བུའི་ཞིབ་བཤེར་ཚོགས་ཆུང་གི་ལས་དོན་པས་འཁོར་ལམ་དཔྱད་ཆས་དང་ལྕགས་ལམ་གྱི་ཁ་ཞེང་འཇལ་ཆས་སོགས་ལག་ཆ་ཁྱེར་ནས་ཞིབ་དཔྱད་བྱེད་འཕྲོད་ལུས་པའི་ལྕགས་ལམ་དུམ་བུའི་ཕྱོགས་སུ་བཤར།
          དབྱར་ཟླ་བདུན་པར་མཚོ་སྔོན་གོར་མོར་ཉི་མའི་ཟེར་ཁ་ཚ་ཞིང་རླུང་བུ་འུར་འུར་དུ་ལྡང་བཞིན་མཆིས། ད་རེས་ཀྱི་ཞིབ་བཤེར་ཚོགས་ཆུང་གི་འགན་འཁུར་བའི་གོར་མོའི་ལམ་རྒྱུད་འཁོར་ཁང་གོར་མོ་ཞིབ་བཤེར་ལས་ཁུལ་གྱི་ལས་དཔོན་གཞོན་པ་ཀྲང་ལི་ཅུན་གྱིས་དགོད་འཚེར་འཚེར་ངང“ལྷགས་རླུང་ཆེན་པོ་ལྡང་ཚེ་སྦྲང་བུ་ཚང་མ་དེད་འགྲོ་བས་ང་ཚོ་དགའ་པོ་འདུག”ཅེས་བཤད། 2006ལོའི་ཟླ་7པར་མཚོ་བོད་ལྕགས་ལམ་དུ་མེ་འཁོར་ཤར་གཏོང་ཐུབ་པ་ནས་བཟུང་ཀྲང་ལི་ཅུན་གྱིས་ད་བར་མཚོ་བོད་ལྕགས་ལམ་བདག་སྐྱོང་གི་ལས་ཀར་ལོ་20ཙམ་འབད་འཐབ་བྱས་ཤིང་། “མཁའ་ལམ”ཞེས་སུ་འབོད་པའི་ལྕགས་ལམ་དེའི་བདག་སྐྱོང་བ་ཞིག་ཏུ་གྱུར།
         ཞིབ་བཤེར་ཚོགས་ཆུང་གིས་ཆུ་ཚོད་9དང་སྐར་མ་30ཡི་རྗེས་ཀྱི་མེ་འཁོར་མེད་པའི་ཆུ་ཚོད་2རིང་མཚོ་བོད་ལྕགས་ལམ་གྱི་རྒྱ་ཟོར་ནས་གོར་མོ་བར་གྱི་སྤྱི་ལེ་7ཟིན་པའི་འཁོར་ལམ་གྱི་མཐོ་དམན་དང་། ཞེང་ཚད་སོགས་ཞིབ་བཤེར་གྱི་ལས་ཀ་བྱེད་ཀྱི་ཡོད།
         “ཞིབ་བཤེར་ལས་དོན་ངེས་པར་དུ་མེ་འཁོར་མེད་པའི་དུས་སུ་སྒྲུབ་དགོས་པ་ལས་སྐར་ཆ་གཅིག་ཀྱང་སྔ་མི་རུང་། བདེ་འཇགས་གལ་འགངས་ཧ་ཅང་ཆེན་པོ་ཡིན་པས། ལས་དོན་སྒྲུབ་རིང་ངེས་པར་དུ་ནན་ཏན་ཞིབ་ཚགས་བྱེད་དགོས་པ་ལས་ཧོལ་རྒྱུགས་དང་སྒྱིད་ལུག་གཏན་ནས་བྱེད་མི་རུང་། ཞིབ་བཤེར་བྱེད་རིམ་བཞིན་ང་ཚོས་ཉུང་མཐར་ཡང་ཆུ་ཚོད་གཅིག་གི་གོང་ནས་ཉམས་བཟོ་བྱ་ཡུལ་དུ་བསྒུགས་ནས་སྡོད་པ་མ་ཟད། དུས་ཚོད་དེ་སྤྱད་ནས་བདེ་འཇགས་དང་ལས་སྒོའི་སློབ་སྦྱོང་ལ་ཤུགས་སྣོན་རྒྱག་གི་ཡོད”ཅེས་ཀྲང་ལི་ཅུན་གྱིས་དེ་ལྟར་བཤད།
         ཀྲང་ལི་ཅུན་གྱི་ཞིབ་བཤེར་ཚོགས་ཆུང་ནང་ད་དུང་བདེ་འཇགས་ཆེད་འགན་འཁུར་མཁན་ཞིག་ཡོད་པ་དེས་གོར་མོ་བཟོ་དོན་དུམ་བུའི་བདེ་འཇགས་ཐོན་སྐྱེད་ཀྱི་བཀོད་གཏོང་བཀོད་འདོམས་ལྟེ་གནས་དང་འབྲེལ་བ་བྱེད་པའི་འགན་འཁུར་གྱི་ཡོད། བཟོ་དོན་དུམ་བུའི་ལས་དོན་ཚོགས་ཆུང་ཡོངས་ལ་བདེ་འཇགས་པ་བཀོད་སྒྲིག་བྱས་ཡོད། དེ་དང་ཆབས་ཅིག་ཁོངས་གཏོགས་ཁུལ་དུ་ལས་དོན་སྒྲུབ་པའི་བརྒྱུད་རིམ་ཚང་མ་བདེ་འཇགས་པའི་ཟིན་ཐོའི་ཡོ་ཆས་བརྒྱུད་དུས་ཐོག་ཏུ་བརྒྱུད་སྐྱེལ་བྱས་རྗེས་བཀོད་འདོམས་ལྟེ་གནས་ཀྱི་བརྙན་ཤེལ་ཆེན་པོར་མངོན་གྱི་ཡོད།
         སྐབས་དེར་བཀོད་འདོམས་ལྟེ་གནས་ཀྱི་བརྙན་ཤེལ་ཆེན་པོ་ནས་བདག་སྐྱོང་ཚོགས་ཆུང་གི་ལས་དོན་པས་སྐམ་པ་སོགས་ཁྱེར་ནས་ཤེས་རྟོགས་ཐུབ་མ་ཐག་པའི་འཁོར་ལམ་སྙོམས་པོ་མེད་པའི་ལྷུ་ཚིགས་ཉམས་བཟོ་བྱེད་བཞིན་ཡོད་པ་མཐོང་ཐུབ། བདག་སྐྱོང་ཚོགས་ཆུང་གི་འགན་འཁུར་བ་གོར་མོ་དུམ་བུའི་འཁོར་ཁང་གི་གོར་ཤར་བཟོ་ཁུལ་གཉིས་པའི་འགོ་འཛིན་གཞོན་པ་ཝང་ཅན་ཡིང་གིས་ཞིབ་བཤེར་ཚོགས་ཆུང་གིས་ཤེས་པའི་གནད་དོན་བཀོད་འདོམས་ལྟེ་གནས་ལ་བརྡ་ལན་བསྐྱལ་རྗེས་ལྟེ་གནས་ཀྱིས་གནད་དོན་ལ་གཞིགས་ནས་ང་ཚོ་བདག་སྐྱོང་ཚོགས་ཆུང་ལ་མེ་འཁོར་མེད་པའི་དུས་ལ་འཁོར་ལམ་ཉམས་གསོ་བྱེད་དུ་འཇུག་གི་ཡོད་ཅེས་བཤད།
         གོར་མོ་བཟོ་དོན་དུམ་བུའི་ཏོན་ཀྲང་གཞོན་པ་ཧྲེང་ཀྲའོ་ཀྲེས་མཚོ་བོད་ལྕགས་ལམ་ཀུང་སིའི་གོར་མོ་བཟོ་དོན་དུམ་བུས་གོར་མོ་ནས་ལྷ་ས་བར་གྱི་སྤྱི་ལེ་1000ལྷག་ཟིན་པའི་ལྕགས་ལམ་བདག་སྐྱོང་དང་ལྟ་སྡོམ་ལས་དོན་གྱི་འགན་འཁུར་གྱི་ཡོད། ཉེ་བའི་ལོ་ཤས་རིང་། མཚོ་བོད་ལྕགས་ལམ་གྱི་འགྲུལ་སྐྱེལ་དང་ཟོག་སྐྱེལ་ཐེངས་གྲངས་རིམ་བཞིན་མང་དུ་སོང་བ་དང་ཆབས་ཅིག་ལྕགས་ལམ་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་མཁན་འཕྲུལ་ཆས་ཆེ་གྲས་ཀྱང་མང་དུ་ཕྱིན་ཡོད། ཡིན་ནའང་ལས་དོན་པ་དེ་ཙམ་མང་པོ་མེད་པས་ལྕགས་ལམ་གྱི་རྨང་གཞིའི་སྒྲིག་བཀོད་བདག་སྐྱོང་དང་ཉམས་བཟོར་དཀའ་ངལ་ཆེ་ཙམ་འཕྲད་ཀྱི་འདུག་ཅེས་བཤད།
         མཚོ་བོད་ལྕགས་ལམ་གདང་ལའི་ལམ་རྒྱུད་འཁོར་ཁང་གི་ཏང་ཀྲི་པུའི་ཧྲུའུ་ཅི་ཀུའོ་ཏེང་ལིང་གནས་སའི་ཉམས་བཟོ་ཚོགས་ཆུང་གིས་ཆ་སྙོམས་ས་བབ་སྨི་4900ཡན་ཟིན་པའི་གདང་ལའི་དབུས་རྒྱུད་དུ་ཉམས་བཟོའི་ལས་འགན་སྒྲུབ་བཞིན་ཡོད་པ་དང་། ཚོགས་ཆུང་དེའི་ལས་དོན་པ་ཆུང་ཤོས་ལོ་25ལས་སླེབས་ཀྱི་མེད། ཁོང་གིས་ངོ་སྤྲོད་བྱས་པ་ལྟར་ན། ལས་ཀར་ལས་རེས་ལམ་ལུགས་ལག་ལེན་བསྟར་གྱི་ཡོད་པས་ལས་ཀ་ཟླ་བ་གཅིག་བྱས་ན་ངལ་གསོ་ཟླ་བ་གཅིག་རྒྱག་ཆོག ཁྲུའུ་དེར་ལས་ཀར་ཡོང་མཁན་ཚོས་སྔོན་ལ་གཟུགས་པོར་བརྟག་དཔྱད་བྱེད་དགོས་པ་དང་ལུས་སེམས་གཉིས་ཀ་གནས་དེར་འཕྲོད་རྗེས་གཞི་ནས་ལས་ཀ་བྱེད་ཆོག་གི་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།