འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།ཨ་སི་ཐ་ནའི་འཛམ་གླིང་དངོས་མང་སྟོན་ཚོགས་ཐོག་ཧུའུ་ནན་གྱི་མཛེས་ལྗོངས་སྐད་གྲགས་ཆོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་21ཉིན། 09:57】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། “ནམ་ཡང་མི་ནུབ་པའི་ཉི་མ-ཧུའུ་ནན་གྱི་མཛེས་ལྗོངས”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་ཧུའུ་ནན་བྱེད་སྒོའི་གཟའ་འཁོར་ཚེས་18ཉིན་ཨ་སི་ཐ་ན་འཛམ་གླིང་དངོས་མང་སྟོན་ཚོགས་ཀྱི་ཀྲུང་གོའི་འགྲེམས་ཁང་དུ་འགོ་བཙུགས་པ་རེད།
            ཧུའུ་ནན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཅ་ཅེ་གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པ་ཨོའུ་དབྱང་པིང་དང་། ཧ་སག་སི་ཐན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཀྲང་ཧན་ཧུའེ། ཀྲུང་གོ་རྒྱལ་སྤྱིའི་ཚོང་ཚོགས་ཀྱི་དྲུང་ཆེ་ཡུས་ཅན་ལུང་། ཧ་སག་སི་ཐན་ཞིང་ལས་པུའི་པུའུ་ཀྲང་གཞོན་པ་དབྱི་སཱ་ཡེ་ཝ་སོགས་ཀྲུང་གོ་དང་ཧ་སག་སི་ཐན་རྒྱལ་ཁབ་གཉིས་པོའི་དཔོན་རིགས་དང་། ཁེ་ལས་ལས་རིགས་ཀྱི་མི་སྣ། འཛམ་གླིང་དངོས་མང་སྟོན་ཚོགས་ཀྱི་རྒྱལ་ཁབ་ཁག་གི་འགྲེམས་ཁང་གི་འཐུས་མི་300ལྷག་ཙམ་འགོ་འཛུགས་མཛད་སྒོར་ཞུགས་པ་རེད།
          ཨོའུ་དབྱང་པིང་གིས་འགོ་འཛུགས་མཛད་སྒོའི་ཐོག་ཤིས་ཚིག་སྒྲོན་ནས་ཧུའུ་ནན་བྱེད་སྒོའི་གཟའ་འཁོར་གྱི་དམིགས་ཡུལ་ནི་རྒྱལ་སྤྱིའི་སྤེལ་རེས་ལས་སྟེགས་ཡིན་པའི་འཛམ་གླིང་དངོས་མང་སྟོན་ཚོགས་བརྒྱུད་འཛམ་གླིང་ལ་ཧུའུ་ནན་གྱི་ཉམས་འགྱུར་ངོམས་ནས་ཧུའུ་ནན་གྱི“གསར་གཏོད་སྣེ་ཁྲིད་དང་སྒོ་དབྱེ་དར་རྒྱས”ཀྱི་འཐབ་ཇུས་ལ་སྐུལ་འདེད་མགྱོགས་པོ་བཏང་སྟེ་ཧུའུ་ནན་དང“རྒྱུད་གཅིག་ལམ་གཅིག”རྒྱུད་ཀྱི་རྒྱལ་ཁབ་དབར་གྱི་དཔལ་འབྱོར་ཚོང་དོན་སྤེལ་རེས་དང་མཉམ་ལས་བྱེད་ཟབ་ཏུ་གཏོང་རྒྱུ་དེ་ཡིན་ཞེས་གསུངས་པ་རེད།
          ཀྲང་ཧན་ཧུའེ་ཡིས་ཧུའུ་ནན་གྱི་ཁྱད་ལྡན་རིག་གནས་ནི་ཀྲུང་ཧྭའི་ཤེས་རིག་ནང་གི་མཆོག་ནོར་ལྟ་བུ་ཡིན་པས་ཧུའུ་ནན་མི་དམངས་དང་ཧུའུ་ནན་ཁེ་ལས་ལ་ལས་གཏོད་གསར་གཏོད་ཀྱི་སྤྲོ་སེམས་ཧ་ཅང་ཆེན་པོ་ལྡན་ཡོད། ཧུའུ་ནན་གྱིས་ད་ཐེངས་ཀྱི་བྱེད་སྒོའི་གཟའ་འཁོར་དེ་གོ་སྐབས་སུ་བརྩིས་ནས་ཧ་སག་སི་ཐན་དང་དཔལ་འབྱོར་ཚོང་དོན་མཉམ་ལས་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་ལ་ཤུགས་སྣོན་རྒྱག་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།