འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།སྐབས་བཅུ་གཉིས་པའི་ཀྲུང་ཧྭའི་རྒྱལ་ཡོངས་ཀྱི་རི་པིན་སྐད་ཡིག་གཏམ་བཤད་འགྲན་བསྡུར་
    རི་པིན་དུ་བྱས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་21ཉིན། 09:59】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
            མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་18ཉིན། སྐབས་བཅུ་གཉིས་པའི་ཀྲུང་ཧྭའི་རྒྱལ་ཡོངས་རི་པིན་སྐད་ཡིག་གཏམ་བཤད་འགྲན་བསྡུར་གྱི་མཐའ་བསྡུར་རི་པིན་ཐོ་ཁེའོ་རུ་བྱས་ཤིང་། ཀྲུང་གོའི་མཐོ་སློབ་16ནས་ཡོང་བའི་བདམས་ཐོན་པ་16གིས་རི་པིན་སྐད་ཀྱི་ཐོག་ནས་གཏམ་བཤད་ཆུ་རྒྱུག་རྒྱུག་བྱས་པར་དེ་གར་ཡོད་པའི་ཀྲུང་རི་རྒྱལ་ཁབ་གཉིས་ཀྱི་ལྟད་མོ་བའི་ཚད་མཐོའི་གདེང་འཇོག་ཐོབ་པ་རེད།
          རི་པིན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་གསར་འགྱུར་དང་སྤྱི་པའི་ཕྱི་འབྲེལ་ཁྲུའུ་ཡི་ཚན་ཙན་ཀྲང་མའེ་ཡིས་སྐད་ཡིག་ནི་མི་དང་མིའི་དབར་སྤེལ་རེས་བྱེད་པའི་འབྲེལ་ཟམ་གལ་ཆེན་ཞིག་ཡིན། དེང་གི་སྤྱི་ཚོགས་ནང་གཞོན་ནུ་ཚོའི་རྒྱལ་སྤྱིའི་སྤེལ་རེས་ནུས་པ་ཆེ་རུ་དང་རྒྱལ་སྤྱིའི་མཐོང་རྒྱ་ཆེ་རུ་གཏོང་རྒྱུ་འདི་གལ་ཆེན་པོ་ཞིག་ཡིན། ཀྲུང་རི་རྒྱལ་ཁབ་གཉིས་དབར་གྱི་འབྲེལ་བ་རྒྱུན་གཏན་ཅན་དུ་གྱུར་ནས་ལོ་45འཁོར་བའི་གལ་ཆེའི་དུས་ཤིག་ཡིན་པའི་འདི་ལོར་རྒྱལ་ཁབ་གཉིས་པོའི་ན་གཞོན་གྱིས་སྤེལ་རེས་ཀྱི་བྱེད་སྒོ་དེ་རིགས་ནང་ཧུར་ཐག་ཞུགས་ཏེ་ཕན་ཚུན་ཤེས་རྟོགས་དང་ཡིད་ཆེས་ཟབ་ཏུ་བཏང་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་མཛའ་མཐུན་ངང་འཕེལ་རྒྱས་འགྲོ་རྒྱུར་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས།
          རི་པིན་གྱི་དཔལ་འབྱོར་གསར་འགྱུར་ཁང་གི་ཧྲི་ཀྲང་ཀང་ཐན་ཀྲི་མིན་གྱིས་ད་རེས་ཀྱི་འགྲན་བསྡུར་ནང་ཞུགས་པའི་བདམས་ཐོན་པ་16ནི་ཀྲུང་གོའི་རྒྱལ་ནང་གི་གྲ་སྒྲིག་འདེམས་སྒྲུག་འགྲན་བསྡུར་ཁྲོད་མཐོ་སློབ་226གི་སློབ་མ་ཧ་ལམ་ཁྲི་1.1ནང་ནས་འབུར་དུ་ཐོན་པ་ཤ་སྟག་ཡིན་པ་དང་། ཁོང་ཚོའི་ཁྱོན་ཡོངས་ཀྱི་ཆུ་ཚད་ཧ་ཅང་མཐོ་པོ་འདུག སླད་ཕྱིན་ཁོང་ཚོས་ཁྱབ་ཁོངས་ཁག་ནང་རི་ཀྲུང་རྒྱལ་ཁབ་གཉིས་དབར་སྔར་བས་དམ་ཞིང་ཟབ་པའི་འབྲེལ་ཐག་ཅིག་འཛུགས་ཐུབ་པའི་ཡིད་ཆེས་ཡོད་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།