འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།“ལིའུ་སུང་ལིང་དང་དར་གོས་ལམ་བུ”ཞེས་པའི་ལོ་རྒྱུས་ཡིག་ཆ་ཚད་ལྡན་གྱི་འགྲེམས་སྟོན་
    སི་ལོ་ཝེ་ཉི་ཡར་བྱེད་འགོ་ཚུགས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་21ཉིན། 09:58】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། “ལིའུ་སུང་ལིང་དང་དར་གོས་ལམ་བུ”ཞེས་པའི་ལོ་རྒྱུས་ཡིག་ཆ་ཚད་ལྡན་འགྲེམས་སྟོན་ཟླ་7ཚེས་18ཉིན་སི་ལོ་ཝེ་ཉི་ཡའི་རྒྱལ་ས་ལི་པོ་ཡ་ནའི་རྒྱལ་ཁབ་ཡིག་ཚགས་ཁང་སྤྱི་གླིང་གི་སྤང་ལྗོངས་ཐོག་ཏུ་གཉེར་བ་རེད།
          དུས་ཡུན་ཟླ་གསུམ་གྱི་འགྲེམས་སྟོན་དེ་ནི་སི་ལོ་ཝེ་ཉི་ཡའི་ཕྱིར་ཁོངས་ཀྲུང་གོ་བའི་རྒྱུད་པའི་རི་མོ་མཁས་ཅན་ཝང་ཧུའེ་ཆིན་གྱིས་ལོ་རྒྱུས་དཔྱད་ཡིག་ལ་ཞིབ་དཔྱད་དང་། ཆ་འཕྲིན་འཚོལ་བསྡུ། བརྗོད་བྱ་སྔོག་འདོན་བཅས་བྱས་ནས་གཉེར་བ་ཞིག་ཡིན། འགྲེམས་སྟོན་ཐོག་སི་ལོ་ཝེ་ཉི་ཡའི་རྒྱལ་ཁབ་ཡིག་ཚགས་ཁང་དང་ཀྲུང་གོ་ཕོ་བྲང་རྙིང་པའི་རྟེན་རྫས་བཤམས་མཛོད་ཁང་དང་། དེ་བཞིན་རྒྱལ་སྤྱིའི་རྩ་འཛུགས་དང་སྒྲིག་གཞི་གཞན་དག་བཅས་ཀྱིས་འཚོལ་བསྡུ་བྱས་པའི་པར་རིས་དང་ཡིག་རིགས། ལོ་རྒྱུས་ཀྱི་དཔྱད་གཞིའི་དངོས་པོ་སོགས་བརྒྱུད། ཆིང་རྒྱལ་རབས་ཀྱི་གོང་མ་ཆན་ལུང་གིས་བསྐོས་པའི་རྒྱལ་ཁོངས་སི་ལོ་ཝེ་ཉི་ཡ་ནས་ཡིན་པའི་ཕྱི་གླིང་བའི་གནམ་དཔྱད་དཔོན་ལིའུ་སུང་ལིང་གིས་ཀྲུང་གོར་ལོ་28རིང་ལས་འགན་འཁུར་བའི་གཏམ་རྒྱུད་མངོན་ཡོད་པ་རེད།
          ཡིག་ཆ་ཚད་ལྡན་འགྲེམས་སྟོན་གྱི་འགོ་ཚུགས་མཛད་སྒོར་ཞུགས་མཁན་སི་ལོ་ཝེ་ཉི་ཡའི་གྲོས་དཔོན་སྨི་ལན·པུར་ཀེ་ལའེ་ཚི་ཡིས། ཡིག་ཆ་ཚད་ལྡན་འགྲེམས་སྟོན་འདི་ལས་ང་ཚོས་མི་རིགས་མི་འདྲ་བ་དང་ཤེས་དཔལ་མི་འདྲ་བར་བརྩི་བཀུར་ཞུ་ལུགས་མཚོན་ཡོད། དར་གོས་ལམ་བུས་ཚོང་པ་དང་། ཡུལ་སྐོར་བ། དངོས་ཟོག་བཅས་ལ་སྤེལ་རེས་ཐབས་ལམ་མཁོ་འདོན་བྱས་པ་མ་ཟད། ད་དུང་མིའི་རིགས་ཀྱི་བསམ་བློ་དང་། གསར་གཏོད། མཚན་ཉིད་རིག་པ། རིག་གནས་བཅས་སྤེལ་རེས་ལའང་སྦྲེལ་ཟམ་ཞིག་བསྐྲུན་ཡོད་ཅེས་བརྗོད་པ་རེད།
         ཀྲུང་གོ་ཚན་རིག་ཁང་གི་འཐུས་མི་ཚོགས་པས་ཚེས་14ཉིན་སི་ལོ་ཝེ་ཉི་ཡར་འཚམས་འདྲི་ཞུས་ཤིང་། རྒྱལ་ཁབ་གཉིས་ཀྱི་ཚན་རིག་ཁང་དབར་གྲོས་མཐུན་བཞག་པའི་ནང་དུ། གཟའ་སྐར་དཔྱད་ཆས་འདྲ་བཟོ་བྱ་རྒྱུ་དང་དེ་བཞིན་རྒྱལ་ཁབ་གཉིས་ཀའི་རྒྱལ་སར་ཡུན་དུ་གནས་པའི་དྲན་གསོའི་རྡོ་རིང་འཛུགས་རྒྱུ་དེ་མཉམ་ལས་རྣམ་གྲངས་གཙོ་བོར་གཏན་འཁེལ་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།