འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་སྐད་དང་ཡི་གེའི་བྱ་གཞག་གི་རྒྱབ་ཤ་དཀར་པོའི་དེབ་ཐོག་མར་འགྲེམས་སྤེལ་བྱས་པ།

    སྤྱི་སྐད་ཁྱབ་གདལ་གཏོང་ཚད་73%ཙམ་ཟིན་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་20ཉིན། 10:58】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
            མི་དམངས་དྲ་བའི་འཕྲིན། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་60ལྷག་ཙམ་སོང་རིང་རང་རྒྱལ་གྱི་སྤྱི་སྐད་ཁྱབ་གདལ་གཏོང་ཚད་དེ་2000ལོའི་53%ནས་2015ལོའི་73%བར་མཐོ་རུ་ཕྱིན་པ་དང་། ཡི་གེ་ཤེས་མཁན་མི་འབོར་གྱིས་ཚད་ལྡན་རྒྱ་ཡིག་སྤྱོད་པའི་བསྡུར་ཚད་དེ་95%ལས་བརྒལ་བ་དང་རྒྱལ་དམངས་68%ཀྱིས་རྒྱ་ཡིག་གི་སྦྱོར་ཀློག་ཁོང་དུ་ཆུད་ཀྱི་ཡོད། དེ་ནི་གསར་འགོད་པར་ཚེས་18ཉིན་སློབ་གསོ་པུའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བ་ཞིག་རེད།
            ཟླ་7ཚེས་18ཉིན་སློབ་གསོ་པུའུ་དང་རྒྱལ་ཁབ་སྐད་ཡིག་ལས་དོན་ཨུ་ལྷན་གྱིས་པེ་ཅིང་དུ་2016ལོའི་ཀྲུང་གོའི་སྐད་དང་ཡི་གེའི་བྱ་གཞག་འཕེལ་རྒྱས་ཀྱི་གནས་ཚུལ་ཁྱབ་བསྒྲགས་བྱས་པ་དང་ཆབས་ཅིག་《ཀྲུང་གོའི་སྐད་དང་ཡི་གེའི་བྱ་གཞག་འཕེལ་རྒྱས་ཀྱི་སྙན་ཞུ་》(རྒྱབ་ཤ་དཀར་པོའི་དེབ)ཁྱབ་བསྒྲགས་བྱས་པ་དེ་ནི་རྒྱལ་ཁབ་སྐད་ཡིག་ལས་དོན་ཨུ་ལྷན་གྱིས་ཐོག་མར་ཁྱབ་བསྒྲགས་བྱས་པའི་རྒྱལ་ཁབ་ཀྱི་སྐད་དང་ཡི་གེའི་བྱ་གཞག་གི་ལོ་འཁོར་གྱི་འཕེལ་རྒྱས་གནས་ཚུལ་དང་། སྐད་ཡིག་ཐད་ཀྱི་བྱེད་ཕྱོགས་སྲིད་ཇུས། ཁྱབ་ཁོངས་ཁག་གི་བསྡོམས་རྩིས་གྲངས་གཞི་བཅས་རྒྱུད་རིམ་ལྡན་པའི་སྒོ་ནས་ངོ་སྤྲོད་བྱས་པའི་དབང་གྲགས་རང་བཞིན་དང་ཕྱོགས་བསྡུས་རང་བཞིན་གྱི་སྙན་ཞུ་ཞིག་རེད།
          རྒྱབ་ཤ་དཀར་པོའི་དེབ་ཀྱིས་གྲངས་གཞིས་འདེགས་སྐྱོར་བྱས་ཏེ་རྒྱལ་ཁབ་ཀྱི་སྐད་དང་ཡི་གེའི་བྱ་གཞག་འཕེལ་རྒྱས་ཀྱི་གནས་ཚུལ་དང་ལས་ཀའི་གྲུབ་འབྲས་ཕྱོགས་ཡོངས་དང་རྒྱུད་རིམ་ལྡན་པའི་སྒོ་ནས་མངོན་པར་བྱས་པ་སྟེ། ཀྲུང་གོ་གསར་པ་དབུ་བརྙེས་ཚུན་རྒྱལ་ཁབ་ཀྱིས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་ཚད་ལྡན་ཚད་གཞི་རིགས་6དང་ཁག་47དང་སྐད་ཡིག་གི་ཆ་འཕྲིན་ཅན་གྱི་ཚད་ལྡན་ཚད་གཞི་རིགས་59ཁྱབ་བསྒྲགས་བྱས་ནས་ལག་ལེན་བསྟར་བ་དང་། འཛམ་གླིང་ས་གནས་ཁག་ཏུ་རྒྱ་ཡིག་སློབ་གྲྭ་ཁྲི་2ཙམ་ཡོད་པ་དེས་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བར་ཕྱོགས་ནས་རྒྱ་ཡིག་སློབ་སྦྱོང་བྱེད་ཀྱི་ཡོད་པ། རྒྱལ་ཁབ་ཀྱིས་གྲངས་ཉུང་མི་རིགས་ཁག་15ལ་ཡི་གེའི་ཇུས་གཞི་གསར་བཟོ་འམ་ཡང་ན་ལེགས་སུ་གཏོང་རོགས་བྱས་ཏེ་གྲངས་ཉུང་མི་རིགས་སྐད་ཡིག་གི་ཚད་ལྡན་ཚད་གཞི་རིགས་100ལྷག་ཙམ་ཁྱབ་བསྒྲགས་བྱས་ནས་ལག་ལེན་བསྟར་ཡོད་པ་བཅས་རེད། 2016ལོ་བར་རང་རྒྱལ་གྱིས་བཟོས་ནས་ཁྱབ་བསྒྲགས་བྱས་པའི་སྐད་ཡིག་གི་གནད་དོན་ནམ་ཡང་ན་སྐད་ཡིག་གི་བཅའ་ཁྲིམས་ཁྲིམས་སྲོལ་གྱི་གཏན་འབེབས་ལ་ཆེད་མངགས་དམིགས་པའི་བཅའ་ཁྲིམས་དང་། ཁྲིམས་སྲོལ། སྒྲིག་སྲོལ། ཚད་ལྡན་རང་བཞིན་གྱི་ཡིག་ཆ་བཅས་ཚུད་པ་ཁག་2200ཙམ་ཡོད་པ་དང་། རྒྱལ་ཡོངས་ཀྱི་རིམ་པ་དང་པོའི་གྲོང་ཁྱེར་36དང་། རིམ་པ་གཉིས་པའི་གྲོང་ཁྱེར་374 རིམ་པ་གསུམ་པའི་གྲོང་ཁྱེར་1266བཅས་ལ་གྲོང་ཁྱེར་གྱི་སྐད་ཡིག་ལས་དོན་གྱི་དཔྱད་དཔོག་ལེགས་གྲུབ་བྱུང་ཡོད་པ། རྒྱལ་ཡོངས་ཀྱིས་སྐད་ཡིག་ཚད་ལྡན་ཅན་གྱི་དཔེ་སྟོན་སློབ་གྲྭ་ཁག་ཁྱོན་36485གསར་བཙུགས་བྱས་ཡོད་པ་རེད། གཞན་ཡང་རྒྱལ་ཁབ་སྐད་ཡིག་ལས་དོན་ཨུ་ལྷན་གྱིས་ཚན་ཞིབ་སྒྲིག་གཞི་ཁག་19དང་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་གསོ་སྦྱོང་རྟེན་གཞི་ཁག་10བསྐྲུན་ནས་རྒྱལ་ཁབ་སྐད་ཡིག་ལས་དོན་ཨུ་ལྷན་གྱི་ཚན་ཞིབ་ལས་དོན་རིགས་གཅིག་མཁས་ཅན་མཛོད་དུ་ཡོད་པའི་རིགས་གཅིག་མཁས་ཅན་མི་886ཟིན་ཡོད་པ་རེད།
          ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔའི་བར་ཀྲུང་གོ་རྒྱལ་ཁབ་རྒྱ་སྐད་རྒྱལ་སྤྱིར་ཁྱབ་གདལ་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གིས་རྒྱལ་ཁབ་དང་ས་ཁུལ་140ལ་ཁུང་ཙི་སློབ་གླིང་511དང་སློབ་གྲྭ་འབྲིང་ཆུང་1073ལ་ཁུང་ཙི་སློབ་ཁང་བཙུགས་ཡོད་པ་དང་། ད་ཆ་ཐོ་འགོད་སློབ་མ་ཁྲི་210ཟིན་པ་དང་ཀྲུང་གོ་དང་ཕྱི་རྒྱལ་གྱི་ཆེད་ལས་དགེ་རྒན་གཅིག་ལྕོགས་ཁྲི་4.6ཡོད་པས་རིམ་པ་མང་བ་དང་། སྣ་མང་ཅན། ཁྱབ་རྒྱ་ཆེ་བ་བཅས་ཀྱི་ཁུང་ཙི་སློབ་གླིང་གི་རྣམ་པ་ཞིག་གཞི་རྩའི་ཆར་གྲུབ་ཡོད། དེའི་ནང“རྒྱུད་གཅིག་ལམ་གཅིག”ལམ་རྒྱུད་ཀྱི་རྒྱལ་ཁབ་དང་ས་ཁུལ་51ཏུ་ཁུང་ཙི་སློབ་གླིང་134དང་སློབ་གྲྭ་འབྲིང་ཆུང་130ལ་ཁུང་ཙི་སློབ་ཁང་བཀོད་སྒྲིག་བྱས་ཡོད་པ་མ་ཟད། ཡོ་རོབ་མནའ་འབྲེལ་གྱི་རྒྱལ་ཁབ་28དང་ཡོ་རོབ་དབུས་ཤར་གྱི་རྒྱལ་ཁབ་16ལ་ཁྱོན་ཡོངས་ནས་ཁྱབ་ཡོད། གཞན་ཡང་ཧོ་ལན་གྱི་ཀེ་ལུའོ་ཉིང་ཀེན་ཁུང་ཙི་སློབ་གླིང་གིས་ཕྱི་རྒྱལ་དུ་སྤྱི་སྐད་གསོ་སྦྱོང་ཚད་ལེན་ཚོད་ལྟའི་ལྟེ་གནས་ཐོག་མ་དེ་བཙུགས་ཡོད་པ་རེད། ཤང་ཀང་དང་ཨའོ་མོན་ས་ཁུལ་དུ་སྐད་དང་ཡི་གེ་སྤེལ་རེས་དང་མཉམ་ལས་སྐོར། ཤང་ཀང་དུ་ལོ་འདིའི་ནང་མི་གྲངས་7213སྤྱི་སྐད་ཆུ་ཚད་ཀྱི་ཚད་ལེན་ཚོད་ལྟར་ཞུགས་ཏེ་ལོ་རྒྱུས་ཀྱི་ཆུ་ཚད་མཐོ་པོ་མུ་མཐུད་རྒྱུན་འཁྱོངས་ཐུབ་པ་དང་། ཨའོ་མོན་དུ་ལོ་འདིའི་ནང་མི་གྲངས་387སྤྱི་སྐད་ཆུ་ཚད་ཀྱི་ཚད་ལེན་ཚོད་ལྟར་ཞུགས་ཏེ་ལོ་རྒྱུས་ཀྱི་གྲུབ་འབྲས་གསར་པ་བཏོད་ཡོད། དེ་དང་ཕྱོགས་མཚུངས་ཤང་ཀང་དང་ཨའོ་མོན་གྱི་དགེ་རྒན་ཚོའི་སྤྱི་སྐད་ཤོད་ནུས་མཐོར་གཏོང་གསོ་སྦྱོང་གི་རྒྱབ་སྐྱོར་འཆར་གཞི་ཕྱོགས་ཡོངས་ནས་ལག་ལེན་བསྟར་ཡོད་པ་རེད།
           ཕྱི་རྒྱལ་སྐད་ཡིག་གི་ཞབས་ཞུའི་སྐོར། 2016ལོ་བར་རང་རྒྱལ་གྱི་མཐོ་སློབ་ཏུ་ཁྱོན་ཕྱི་རྒྱལ་སྐད་ཡིག་གི་ཆེད་ལས་ཁག་72བཙུགས་ཡོད་པ་ལས། སྤྱི་སྐད་མིན་པའི་སྐད་རིགས་ཀྱི་ཆེད་ལས་65ཡོད་པ་དེ་ཡོ་རོབ་མནའ་མཐུན་རྒྱལ་ཁབ་ཀྱི་གཞུང་ཕྱོགས་ཀྱི་སྐད་ཡིག་རིགས་24དང་ཡ་གླིང་ཤར་ལྷོའི་མནའ་མཐུན་རྒྱལ་ཁབ་10ཡི་གཞུང་ཕྱོགས་ཀྱི་སྐད་ཡིག་ཁྱབ་ཡོད། སློབ་གྲྭར་སྐྱོད་མུས་ཀྱི་དངོས་གཞིའི་ཚན་ཁག་གི་སློབ་མ་མི་གྲངས་ཁྲི་81གིས་ཕྱི་རྒྱལ་སྐད་ཡིག་གི་རྩོམ་རིག་ཆེད་ལས་སློབ་སྦྱོང་བྱེད་བཞིན་ཡོད་པ་རེད།
           སྤྱི་ཚོགས་ཀྱི་སྐད་ཡིག་ཞབས་ཞུའི་སྐོར། སྐད་དང་ཡི་གེའི་རིགས་ཀྱི་ཐོན་རྫས་དང་དེ་བཞིན་འབྲེལ་ཡོད་ཀྱི་ཞིབ་འཇུག་བློ་འདྲི་དང་། ལག་རྩལ་ཞིབ་འཇུག་གསར་སྤེལ། ལས་ཀའི་ཡོ་བྱད་བཀོལ་སྤྱོད་སོགས་ཆེད་ལས་ཅན་གྱི་ཞབས་ཞུ་སྒྲུབ་པའི་དེང་རབས་ཀྱི་ཞབས་ཞུའི་ལས་རིགས་འཕེལ་རྒྱས་མྱུར་པོ་བྱུང་བ་དང་སྐད་ཡིག་གི་ཞབས་ཞུ་དང་འབྲེལ་ཡོད་ཞབས་ཞུའི་ལས་དོན་སྒྲུབ་མཁན་ཁེ་ལས་གྲངས་72500ཟིན་པ་དང་ལས་རིགས་ཀྱི་ལོའི་ཐོན་རྫས་རིན་ཐང་མི་དམངས་ཤོག་སྒོར་དུང་ཕྱུར་2800ལས་བརྒལ་ནས་སྐད་དང་ཡི་གེའི་དཔེ་སྐྲུན་ལས་རིགས་ཀྱི་སིལ་ཚོང་ཁྲོམ་རའི་གཞི་ཁྱོན་ཚོད་རྩིས་བྱས་ན་སྒོར་དུང་ཕྱུར་150ཙམ་ཟིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།