འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཡོངས་ཀྱི“ཀྲུང་ཧྭའི་བླ་སྲོག”ཅེས་པའི་བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་
    བྱེད་སྒོ་པེ་ཅིང་དུ་སྤེལ་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་20ཉིན། 10:57】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་18ཉིན། པེ་ཅིང་དུ་རྒྱལ་ཡོངས་ཀྱི“ཀྲུང་ཧྭའི་བླ་སྲོག”ཅེས་པའི་བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོའི་གཟེངས་བསྟོད་ཚོགས་ཆེན་དང་དབྱར་སྒར་འགོ་ཚུགས་མཛད་སྒོ་སྤེལ་བ་དང་། ཀྲུང་གོའི་མི་རབས་རྗེས་མར་སེམས་ཁུར་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་ཀུའུ་ཤིའུ་ལན་ཚོགས་འདུར་ཕེབས་ཡོད་པ་རེད། ད་ཐེངས་ཀྱི་བྱེད་སྒོར་ཁྱོན་སྔོན་ཐོན་མཉམ་སྡེབ་126དང་སྔོན་ཐོན་མི་སྒེར་148བདམས་ཡོད་པ་རེད།
            ཤེས་རྟོགས་བྱུང་བར་་གཞིགས་ན། “ཀྲུང་ཧྭའི་བླ་སྲོག”ཅེས་པའི་བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་1994ལོར་གཉེར་འགོ་ཚུགས་པ་དང་། དེ་ནི་ཀྲུང་གོའི་མི་རབས་རྗེས་མར་སེམས་ཁུར་ལས་དོན་ཨུ་ལྷན་གྱིས་སློབ་གསོ་པུའི་མི་རབས་རྗེས་མར་སེམས་ཁུར་ལས་དོན་ཨུ་ལྷན་སོགས་ཚན་པ་དང་མཉམ་དུ་གཉེར་བའི་དཔེ་ཀློག་བྱེད་སྒོ་ཞིག་ཡིན་ཞིང་། དེའི་དམིགས་ཡུལ་ནི་དཔེ་ཀློག་མི་སྐྱོང་དང་། བྱང་ཚད་མཐོར་གཏོང་། རྒྱལ་ཁབ་སྟོབས་འབྱོར་ལ་བརྩོན་པ་བཅས་ཀྱི་དམིགས་ཡུལ་འགྲུབ་རྒྱུ་དེ་ཡིན་པ་རེད། མིག་སྔའི་བར་བྱེད་སྒོ་དེ་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཀྱི་གཞོན་ནུ་ལོ་ཆུང་མི་ཐེངས་དུང་ཕྱུར་3ལྷག་ཙམ་ལ་ཁྱབ་ཡོད་པ་རེད། 2016ལོའི་ལོ་མཇུག་བར། “ཀྲུང་ཧྭའི་བླ་སྲོག་གི་དཔེ་དེབ་ཞལ་འདེབས་དང་། སློབ་སྐྱོར། གཅེས་སེམས་འབུལ་བ། རོགས་སྐྲུན་བཅས་ཀྱི་བྱེད་སྒོས”གསར་བརྗེའི་རྟེན་གཞི་ཁུལ་རྙིང་པ་དང་། གྲངས་ཉུང་མི་རིགས་ས་ཁུལ། མཐའ་མཚམས་ས་ཁུལ། དབུལ་ཕོངས་ས་ཁུལ་བཅས་ལ“ཀྲུང་ཧྭའི་བླ་སྲོག”གི་དཔེ་ཁང་300ལྷག་ཙམ་བསྐྲུན་པ་དང་འབྲེལ། “ཀྲུང་ཧྭའི་བླ་སྲོག་གི་ནུས་མང་། དཔེ་ཀློག་ཁང”50ལྷག་ཙམ་བསྐྲུན་ཡོད་པ་རེད།
           ཀུའུ་ཤིའུ་ལན་གྱིས་དཔེ་ཀློག་བྱེད་སྒོ་སྒྲིག་འཛུགས་ཡག་པོ་བྱེད་པའི་ཐད་བླང་བྱ་ཁག་གསུམ་བཏོན་པ་སྟེ། གཅིག་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་སློབ་གསོ་ཏན་ཏིག་སྤེལ་ནས“ཀྲུང་ཧྭའི་བླ་སྲོག”གི་བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་གཏིང་ཟབ་སྤེལ་དགོས་པ་དང་། གཉིས་ནས་གསར་འབྱེད་གསར་གཏོད་བྱས་ནས་དཔེ་ཀློག་བྱེད་སྒོར་ནང་དོན་གསར་པ་རྒྱུན་ཆད་མེད་པ་སྣོན་དགོས་པ། གསུམ་ནས་མཉམ་སྒྲུབ་ལ་ཤུགས་སྣོན་བརྒྱབ་ནས་དཔེ་ཀློག་བྱེད་སྒོའི་ཕུགས་ཕན་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་ཧུར་ཐག་གཏོང་དགོས་པ་བཅས་རེད། ཤེས་རྟོགས་བྱུང་བར་་གཞིགས་ན། ན་ནིང་སྤེལ་བའི“རང་ཉིད་ནས་འགོ་བརྩམས་ཏེ་སྒྲིག་བཀུར་ཁྲིམས་སྲུང་བྱེད་་དགོས”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་དཔེ་ཀློག་བྱེད་སྒོའི་ནང་དོན་ཕུན་སུམ་ཚོགས་པ་དང་། ཁྱད་ཆོས་མངོན་གསལ་དོད་པ། རྣམ་པ་མང་བ་བཅས་ཡོད་ཅིང་། རྒྱལ་ཡོངས་ཀྱི་ཞིང་ཆེན་དང་། གྲོང་ཁྱེར་། རང་སྐྱོང་ལྗོངས་བཅས་ཀྱི་གཞོན་ནུ་ལོ་ཆུང་ཁྲི་སྟོང་མང་པོ་དེའི་ནང་ཞུགས་པ་དང་འབྲེལ་ཕན་འབྲས་ཀྱང་ཐོབ་ནས་ཁོང་ཚོའི་ཁྲིམས་བཀུར་དང་། ཁྲིམས་ཤེས། ཁྲིམས་སྲུང་། ཁྲིམས་བཅོས་བཅས་ཀྱི་འདུ་ཤེས་རྒྱུན་ཆད་མེད་པར་ཟབ་ཏུ་ཕྱིན་ཡོད་པ་རེད།
           ཧྲན་ཤིས་དང་། ཁྲུང་ཆིང་། ནང་སོག་སོགས་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་10ལྷག་ཙམ་གྱི་དགེ་སློབ་ཀྱི་འཐུས་མི་500ལྷག་ཙམ་གཟེངས་བསྟོད་ཚོགས་ཆེན་དང་དབྱར་སྒར་འགོ་ཚུགས་མཛད་སྒོར་ཞུགས་ཡོད་པ་རེད། དབྱར་སྒར་བྱེད་སྒོར་ཞུགས་མཁན་ཚོས་སྔ་རྗེས་སུ་གོང་མའི་ཕོ་བྲང་དང་ཀྲུང་གོ་ཚན་རྩལ་ཁང་ལ་ལྟ་སྐོར་བྱས་པ་དང་། གནམ་བདེ་སྒོ་མོ་ཐང་ཆེནརྒྱལ་དར་སྒྲེང་བའི་མཛད་སྒོར་བལྟས་པ་དང་འབྲེལ་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་མཉམ་དུ་དང་ལེན་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།