འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་མི་རེའི་ཆ་སྙོམས་ཚེ་ཚད་ལོ་70ཟིན་བཟོ་ཡོད་པ། 

    1951ལོའི་ལོ་35.5ལས་ལྡབ་1ཙམ་འཕར་བ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་14ཉིན། 11:19】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཉེ་ཆར། བོད་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”འཕྲོད་བསྟེན་དང་འཆར་བཙའི་འཆར་འགོད་ཁྱབ་བསྒྲགས་བྱས་ཤིང་། འཆར་འགོད་ལྟར་ན། 2015ལོར་ལོ་68.2ཟིན་པའི་རྨང་གཞིའི་ཐོག བོད་རང་སྐྱོང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”དུས་མཇུག་ཏུ་སླེབས་སྐབས་མི་རེའི་ཆ་སྙོམས་ཚེ་ཚད་ལོ་70ཟིན་བཟོ་ཡོད་པ་དེ་ནི་1951ལོའི་ལོ་35.5ལས་ལྡབ་1འཕར་བ་དང་། དེ་ཐོག་ནས་བོད་ལྗོངས་ཀྱི་འཕྲོད་བསྟེན་དང་སྨན་བཅོས་བྱ་གཞག་ཕྱོགས་ཡོངས་ནས་ཡར་རྒྱས་ཆེན་པོ་བྱུང་བ་མཚོན་ཡོད།
           ངོ་སྤྲོད་བྱས་པར་གཞིགས་ན། བོད་ལྗོངས་ཀྱི་མི་རེའི་ཆ་སྙོམས་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་འགྲོ་གྲོན་2010ལོའི་སྒོར་27ནས་2015ལོའི་སྒོར་50བར་མཐོ་རུ་ཕྱིན་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིས་ད་དུང་རིགས་ཆེ་གྲས་12ཀྱི་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་རྣམ་གྲངས་45རིན་མེད་ངང་ལོངས་སུ་སྤྱོད་རྒྱུ་བྱུང་ཡོད། གོམ་སྟབས་རྗེས་མར། བོད་རང་སྐྱོང་ལྗོངས་ཀྱིས་ད་དུང་མུ་མཐུད་སྨན་བཅོས་ཞབས་ཞུའི་སྤུས་ཚད་མཐོ་རུ་བཏང་ནས་2020ལོར་སླེབས་སྐབས་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དང་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གཉིས“ནད་ཆེན་རང་སྐྱོང་ལྗོངས་ནས་བཅོས་ཐུབ་པའི”མཐའ་སྐྱོང་སྨན་ཁང་ལ་བསྐྲུན་ཐུབ་པ་དང་། གཞིས་རྩེ་དང་། ཆབ་མདོ། ལྷོ་ཁ། ཉིང་ཁྲི། ནག་ཆུ། མངའ་རིས་བཅས་ས་ཁུལ་དང་གྲོང་ཁྱེར་གྱི་མི་དམངས་སྨན་ཁང་6“ནད་འབྲིང་ས་ཁུལ་དང་གྲོང་ཁྱེར་ནས་བཅོས་ཐུབ་པའི”ས་ཁུལ་སྨན་བཅོས་ལྟེ་གནས་སུ་བསྐྲུན་ཐུབ་པ་བྱ་རྒྱུ་རེད། དེ་དང་ཆབས་ཅིག་བོད་ལྗོངས་ཀྱིས་ཞིང་འབྲོག་ཁུལ་གྱི་གཞི་རྩའི་སྨན་བཅོས་འགན་བཅོལ་ལམ་ལུགས་མུ་མཐུད་ལག་ལེན་བསྟར་རྒྱུར་སྐུལ་སྤེལ་བཏང་ནས་ཞིང་འབྲོག་ཁུལ་དུ་སྨན་བཅོས་ལམ་ལུགས་ཁྱབ་ཚད་100%ཟིན་པའི་ཕན་འབྲས་སྲ་བརྟན་དུ་གཏོང་རྒྱུ་དང་། ཞིང་འབྲོག་པ་མི་སྒེར་གྱིས་མ་དངུལ་གྲབས་གསོག་བྱེད་ཚད་99%ཡན་བརྟན་པོའི་ངང་ཟིན་པ་བྱ་རྒྱུ། གཏན་འཇགས་མ་དངུལ་གྲབས་གསོག་ལམ་སྲོལ་བཙུགས་ནས་སྲིད་གཞུང་གི་ཁ་གསབ་ཚད་གཞི་ལོ་རེ་བཞིན་མཐོ་རུ་གཏོང་རྒྱུ་དང་སྲིད་ཇུས་ཁྱབ་ཁོངས་ནང་གི་སྨན་ཁང་དུ་བསྡད་པའི་སྨན་རིན་རྩིས་ཞུ་དང་གསབ་འཇལ་གྱི་འགན་བཅོལ་རིམ་པ་བཞིན་མཐོ་རུ་གཏོང་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།