འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།ཉིང་ཞ་ཡིས་ཡིག་ཚགས་དང་གཱ་བཟོས་པའི་ཁྱིམ་ཚང་དང་ཞིང་ནགས་དགེ་འོས་ཆེད་ལས་ཀྱི་
    སློབ་མའི་སློབ་ཡོན་རྩ་ཆག་དང་ཆག་ཡང་གཏོང་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་14ཉིན། 11:15】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་12ཉིན། གསར་འགོད་པས་ཉིང་ཞ་ཧུའེ་རིགས་རང་སྐྱོང་ལྗོངས་སྲིད་གཞུང་ནས་ཤེས་རྟོགས་བྱས་པར། 2017ལོའི་སྟོན་ཁའི་སློབ་དུས་ནས་བཟུང་ཉིང་ཞ་ཡིས་ལྗོངས་ཡོངས་ཀྱི་མཐོ་རིམ་ལས་རིགས་སློབ་གྲྭའི་(དམངས་བཙུགས་སློབ་གླིང་ཚུད་པ)སློབ་མའི་ཁྲོད་ནས་ཐེམ་ཁུངས་ཉིང་ཞ་ནས་ཡིན་པ་དང་ཡིག་ཚགས་དང་གཱ་བཟོས་པའི་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་སློབ་མ་དང་དེ་བཞིན་ཆེད་ལས་ཞིང་ལས་དང་། ནགས་ལས། དགེ་འོས་བཅས་ཀྱི་སློབ་མར་སློབ་ཡོན་རྩ་ཆག་དང་ཆག་ཡང་གཏོང་བའི་སྲིད་ཇུས་ལག་བསྟར་བྱས་ཏེ་ལོ་རེར་སློབ་མ་རེར་སློབ་ཡོན་སྒོར་4200རྩ་ཆག་དང་ཆག་ཡང་གཏོང་རྒྱུ་ཡིན་པ་རེད།
          རང་སྐྱོང་ལྗོངས་སློབ་གསོ་ཐིང་དང་། ནོར་སྲིད་ཐིང་། དབུལ་སྐྱོར་གཞུང་ལས་ཁང་བཅས་ཀྱིས་མཉམ་འབྲེལ་ཐོག་པར་འགྲེམས་བྱས་པའི་《ཉིང་ཞ་ཡི་མཐོ་རིམ་ལས་རིགས་སློབ་གྲྭའི་ཡིག་ཚགས་དང་གཱ་བཟོས་པའི་དཀའ་ངལ་ཡོད་པའི་ཁྱིམ་ཚང་དང་དེ་བཞིན་ཞིང་ནགས་དགེ་འོས་ཆེད་ལས་ཀྱི་སློབ་མའི་སློབ་ཡོན་རྩ་ཆག་དང་ཆག་ཡང་གཏོང་བའི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ་》ནང་ཉིང་ཞའི་སློབ་གྲྭ་ཁག་གིས་སློབ་ལོ་དང་སྲིད་ཇུས་ཀྱི་ཚད་གཞིར་གཞིགས་ན། འབྲེལ་ཡོད་སློབ་ཡོན་ཐད་ཀར་རྩ་ཆག་དང་ཆག་ཡང་གཏོང་ཆོག་པ་དང་། སློབ་གྲྭ་ཁ་ཤས་ཀྱི་ཆེད་ལས་ཁ་ཤས་ཀྱིས་ཟོག་གོང་སྡེ་ཚན་གྱི་ཞིབ་མཆན་བཀོད་པའི་གྲོན་བསྡུའི་ཚད་གཞི་དེ་ནོར་སྲིད་ཁ་གསབ་ཚད་གཞི་ལས་མཐོ་བ་ཡོད་ཚེ། སློབ་མའི་ཕྱོགས་ནས་ཆད་པའི་ཆ་ཤས་ཀྱི་སློབ་ཡོན་བསྡུ་ཆོག་ཅེས་འཁོད་ཡོད།
          གཞན་ཡང་། རང་སྐྱོང་ལྗོངས་སློབ་གསོ་ཐིང་གིས་ཡིག་ཚགས་དང་གཱ་བཟོས་པའི་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་སློབ་མ་དང་ཞིང་ལས་དང་། ནགས་ལས། དགེ་འོས་བཅས་ཆེད་ལས་ཀྱི་སློབ་མའི་ཆ་འཕྲིན་མཛོད་བཟོ་རྒྱུ་དང་མཐོ་རིམ་ལས་རིགས་སློབ་གྲྭ་ཁག་གིས་སློབ་ཡོན་རྩ་ཆག་དང་ཆག་ཡང་བཏང་བའི་སྲིད་ཇུས་སློབ་བསྡུའི་སྒྲིག་ཡིག་མདོར་བསྡུས་ནང་བཀོད་ནས་སློབ་གྲྭར་ཚུད་པའི་བརྡ་ཐོ་དང་མཉམ་དུ་སློབ་མར་བསྐུར་ཏེ་ཆ་རྐྱེན་འཛོམས་པའི་སློབ་མས་སྲིད་ཇུས་དེ་ལོངས་སྤྱོད་ཐུབ་པའི་འགན་ལེན་བྱ་རྒྱུ་རེད།
          ངོ་སྤྲོད་བྱས་པར་གཞིགས་ན། ཡིག་ཚགས་དང་གཱ་བཟོས་པའི་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་སློབ་མ་ཞེས་པ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་དོན་ཁང་གིས་ཁྱབ་བསྒྲགས་བྱས་པའི་《དབུལ་སྐྱོར་གསར་སྤེལ་གྱི་ཡིག་ཚགས་དང་གཱ་བཟོ་བའི་ལས་ཀའི་ཇུས་གཞིའི་》འབྲེལ་ཡོད་གཏན་འབེབས་དང་འཚམ་པ་དང་། རྒྱལ་ཡོངས་ཀྱི་དབུལ་སྐྱོར་ཆ་འཕྲིན་དྲ་བའི་མ་ལག་ནང་གློག་རྡུལ་ཆ་འཕྲིན་ཡིག་ཚགས་བཟོས་པ། 《དབུལ་སྐྱོར་ལག་དེབ་》ཡོད་པའི་ཁྱིམ་ཚང་གི་སློབ་གྲྭར་སྐྱོད་མུས་ཀྱི་སློབ་་མར་ཟེར་བཞིན་འདུག
      

    ཕྱོགས་བསྡུས་གསར་འགྱུར།