འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་ཡ་རྫི་རྫོང་གི་གྲོང་གསེབ་ཏུ"གཏན་འཇགས་ཏང་གི་ཉིན་མོའི"བྱེད་སྒོ་ཡོངས་སུ་ཁྱབ་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་14ཉིན། 11:17】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། གསར་འགོད་པས་ཉེ་ཆར་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་ཡ་རྫི་ས་ལར་རིགས་རང་སྐྱོང་རྫོང་ནས་ཤེས་རྟོགས་བྱུང་བར། རང་སྐྱོང་རྫོང་དེའི་གྲོང་གསེབ་ཀྱི་ཏང་རྩ་འཛུགས་152ཀྱི“གཏན་འཇགས་ཏང་གི་ཉིན་མོའི”བྱེད་སྒོ་ཡོངས་ཁྱབ་བྱུང་བ་དང་ཟླ་རེའི་ཚེས་1ཉིན་ནི་གྲོང་གསེབ་ཀྱི་ཏང་རྩ་འཛུགས་ཀྱི“གཏན་འཇགས་ཏང་གི་ཉིན་མོ”ཡིན་ཞིང་། རྫོང་དེ་ཡོངས་ཀྱི་གྲོང་གསེབ་ཀྱི་ཏང་ཡོན་3240ཡིས་ནང་དོན་ཕུན་སུམ་ཚོགས་པ་དང་། རྣམ་པ་སྣ་ཚོགས། དོན་དངོས་དང་འཚམ་པ་བཅས་ཀྱི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་ནས་གྲོང་གསེབ་ཀྱི་ཏང་རྩ་འཛུགས་བྱེད་སྒོ་ཚད་ལྡན་ཅན་དང་ཏང་ཡོན་གྱི་བྱེད་སྒོ་འཆར་ཅན་དུ་གྱུར་བ་བྱས་པ་རེད།
          ཤེས་རྟོགས་བྱུང་བར་གཞིགས་ན། ཡ་རྫི་རྫོང་ནི་རྒྱལ་ཡོངས་ཀྱི་ས་ལར་རིགས་རང་སྐྱོང་རྫོང་གཅིག་པུ་དེ་ཡིན་པ་དང་རྫོང་ཨུད་རྩ་འཛུགས་པུའུ་ཡིས་ལོ་ལྟར་ཆེད་མངགས་ཡིག་ཆ་བཀྲམ་ནས“གཏན་འཇགས་ཏང་གི་ཉིན་མོའི”བྱེད་སྒོ་བཀོད་སྒྲིག་ཚད་ལྡན་དང་བླང་བྱ་བཏོན་ཏེ་ལམ་ལུགས་ཅན་གྱི་དོ་དམ་ལ་བརྟེན་ནས་རྫོང་དེ་ཡོངས་ཀྱི་གྲོང་གསེབ་ཀྱི་ཏང་རྩ་འཛུགས་ཀྱི“གཏན་འཇགས་ཏང་གི་ཉིན་མོའི”བྱེད་སྒོ་རྒྱུན་རྣམ་ཅན་དང་ཡོངས་སུ་ཁྱབ་པ་བྱས་པ་རེད། རྫོང་རིམ་པའི་འགོ་ཁྲིད་26དང་རྫོང་ཐད་གཏོགས་ལས་ཁུངས་དང་ཤང་གྲོང་གི་ཁོའོ་རིམ་པའི་ལས་བྱེད་པ་200ལྷག་ཙམ་གྱིས“གཅིག་རོགས་གཅིག་སྐྱོར”གྱི་སྒོ་ནས་འབྲེལ་གཏུག་ས་ཚིགས་ཀྱི་གྲོང་ཚོའི་ཏང་རྩ་འཛུགས་གཏན་འཁེལ་བྱས་པ་དང་རྫོང་དང་ཤང་གིས་ལྟ་ཞིབ་ཚོགས་ཆུང་སོ་སོར་བཙུགས་ཏེ“གཏན་འཇགས་ཏང་གི་ཉིན་མོའི”བྱེད་སྒོ་སྤེལ་ཚུལ་ཐད་ཆེད་དོན་ཞིབ་བཤེར་བྱས་པ་དང་ཟླ་རེར་ལྟ་ཞིབ་དང་ཟླ་རེར་བརྡ་ཁྱབ་གཏོང་རྒྱུ་མཐའ་འཁྱོངས་བྱས་པ་དང་འབྲེལ་ཞིབ་བཤེར་བྱས་འབྲས་དེ་ལོ་མཇུག་གི་ཏང་འཛུགས་སྐྱོང་ལས་ཀར་དཔྱད་ཞིབ་བྱེད་པའི་ནང་དོན་གལ་ཆེན་ལ་བརྩིས་ཡོད། མིག་སྔར་རྫོང་དེ་ཡོངས་ཀྱི“གཏན་འཇགས་ཏང་གི་ཉིན་མོའི”བྱེད་སྒོ་ཁྱབ་ཚད་100%ཟིན་པ་དང་ཏང་ཡོན་ཞུགས་ཚད་98%ཟིན་ཡོད།
          ཟླ་རེའི“གཏན་འཇགས་ཏང་གི་ཉིན་མོའི”བྱེད་སྒོའི་ཐོག་གྲོང་ཚོའི་ཏང་ཀྲི་པུའུ་ཚང་མས་གོ་རིམ་ལྟར་ཏང་དངུལ་བསྡུ་བ་དང་། ཏང་གི་སྒྲིག་ཡིག་དང་སྒྲིག་སྲོལ་སྦྱོང་བ། “ཚོགས་འདུ་གསུམ་དང་སློབ་ཚན་གཅིག”དོན་འཁྱོལ་བྱེད་པ། དམངས་གཙོའི་སྒོ་ནས་གཞུང་དོན་ལ་གྲོས་བསྡུར་དང་དམངས་གཙོ་ཡོངས་བསྒྲགས་བྱེད་པ་སོགས་ཀྱི་གཏན་འཇགས་ཀྱི་གྲོས་རིམ་ལག་བསྟར་བྱས་པ་དང་དེའི་རྨང་གཞིའི་ཐོག་ཤང་གྲོང་ཁག་དང་གྲོང་གསེབ་ཀྱི་ཏང་རྩ་འཛུགས་ཁག་གིས་རང་སོ་སོའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་གཞི་རྟེན་གསར་གཏོད་དང་ནང་དོན་ཕུན་སུམ་ཚོགས་སུ་བཏང་སྟེ“གཏན་འཇགས་ཏང་གི་ཉིན་མོའི”བྱེད་སྒོ་ཏང་ཡོན་གྱི་སློབ་སྦྱོང་སློབ་གསོའི་ཉིན་མོ་དང་། རྩ་འཛུགས་ཀྱི་འཚོ་བ་དོན་འཁྱོལ་བྱེད་པའི་ཉིན་མོ། དམངས་གཙོའི་སྒོ་ནས་གཞི་རིམ་གྱི་གཞུང་དོན་ལ་གྲོས་བསྡུར་བྱེད་པའི་ཉིན་མོ། ཏང་དོན་དང་སྲིད་དོན་ཡོངས་བསྒྲགས་ཉིན་མོ། མང་ཚོགས་ལ་འབྲེལ་གཏུག་དང་ཞབས་ཞུའི་ཉིན་མོ་བཅས་སུ་བཏོད་ཡོད། དེ་དང་དུས་མཚུངས“གཏན་འཇགས་ཏང་གི་ཉིན་མོའི”བྱེད་སྒོར“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”དང་། གནད་སྨིན་དབུལ་སྐྱོར། མི་རིགས་མཐུན་སྒྲིལ། མཛེས་སྡུག་ལྡན་པའི་གྲོང་གསེབ་སྐྲུན་པ་སོགས་གཙོ་གནད་ལས་དོན་དང་ལྟེ་བའི་ལས་འགན་མཉམ་བསྲེས་བྱས་པ་དང་དབུལ་པོར་འཚམས་འདྲི་དང་བདེ་སྡུག་འདྲི་བ་དང་། ཆ་སྒྲིག་རོགས་སྐྱོར། འགལ་ཟླ་འདུམ་སྒྲིག གཙང་སྦྲ་དང་བཅོས་སྒྲིག་སོགས་ཞབས་འདེགས་ཞུས་ནས་བྱེད་སྒོའི་དངོས་ཕན་རང་བཞིན་ཆེ་རུ་སོང་བ་དང་ཏང་དང་མང་ཚོགས་དང་ལས་བྱེད་པ་དང་མང་ཚོགས་དབར་གྱི“སེམས་འབྲེལ་ཟམ་པ”བཙུགས་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ན་ནིང་ནས་བཟུང་ཡ་རྫི་རྫོང་གིས“གཏན་འཇགས་ཏང་གི་ཉིན་མོར”བརྟེན་ནས་ཏང་དང་མང་ཚོགས་ལག་གདང་སྦྲེལ་ཏེ་ཕྱུག་པོ་ཆགས་པ་བྱེད་པའི་བྱ་སྤྱོད་རྒྱ་ཁྱབ་ངང་སྤེལ་བར་གྲོང་གསེབ་ཀྱི་ཏང་ཡོན་ཁྱོན་1757གྱིས་ཁྱིམ་ཚང་དབུལ་པོ་1330ལྷག་ཙམ་དང་ཆ་སྒྲིག་རོགས་སྐྱོར་བྱས་ཏེ་ཕྱུག་འགྱུར་རྣམ་གྲངས་ཁག་1304མཐུན་སྦྱོར་ངང་དོན་འཁྱོལ་བྱས་པ་དང་ལས་དོན་ཁག་1800ལྷག་ཙམ་ཚབ་སྒྲུབ་བྱས་ཏེ་མང་ཚོགས་ཀྱི་དངོས་ཡོད་དཀའ་ངལ་628བསལ་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།