འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།ནང་སོག་རང་སྐྱོང་ལྗོངས་ཀྱི་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་
    དགུ་པ་འགོ་ཚུགས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་14ཉིན། 11:21】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། མི་རིགས་མཐུན་སྒྲིལ་ཡར་ཐོན་མཚོན་པའི་ནང་སོག་རང་སྐྱོང་ལྗོངས་ཀྱི་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་དགུ་པ་དེ་ཚེས་12ཉིན་གྱི་ཕྱི་དྲོ་ཧུའུ་ལུན་པེའར་གྲོང་ཁྱེར་དུ་འགོ་ཚུགས་པ་རེད། རང་སྐྱོང་ལྗོངས་དེ་ཡོངས་ཀྱི་མོང་དང་གྲོང་ཁྱེར་12ནས་ཡོང་བའི་བདམས་ཐོན་པ་2000ལྷག་ཙམ་རྟ་རྩལ་འགྲན་བསྡུར་དང་། རྔ་མོང་འགྲན་བསྡུར། སོག་རིགས་ཀྱི་སྲོལ་རྒྱུན་མདའ་འཕེན། སོག་རིགས་ཀྱི“སྐྱེས་པའི་རྩལ་གསུམ” སོག་རིགས་ཀྱི་མིག་མངས། ཀྲུང་གོའི་ལུགས་ཀྱི་སྦེ་ག ཇིང་ཏ་ལིང་ཏ་སོགས་རྣམ་གྲངས་ཁག་14ཡི་འགྲན་བསྡུར་ནང་ཞུགས་རྒྱུ་རེད།
          1985ལོར་ནང་སོག་རང་སྐྱོང་ལྗོངས་ཀྱིས་ལྗོངས་ཡོངས་ཀྱི་མི་རིགས་ལུས་རྩལ་འགྲན་ཚོགས་སྐབས་དང་པོ་འཚོགས་ཚུན་ལྗོངས་ཡོངས་ཀྱི་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་དེ་ཏང་གི་མི་རིགས་སྲིད་ཇུས་ཀྱི་འོད་ཟེར་འོག་དང“ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ”གྱི་མི་རིགས་ལས་དོན་གྱི་བྱེད་ཕྱོགས་དང་ཁྲིད་སྟོན་འོག་ལོ་བཞི་རེར་སྐབས་རེ་གཉེར་བ་དེ་ནང་སོག་རང་སྐྱོང་ལྗོངས་ཀྱི་འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས། ཞི་མཐུན་བཅས་ཀྱི་སྤྱི་ཚོགས་ཀྱི་མི་རིགས་འབྲེལ་བ་གང་ལེགས་མངོན་པ་དང་། གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་གྱི་རྩལ་འགྲན་ལག་རྩལ་དང་རིག་གནས་ཀྱི་ནང་དོན་གང་ལེགས་མངོན་ནས་ལུས་རྩལ་གྱི་སྙིང་སྟོབས་དེ་བས་མགྱོགས་པ་དང་དེ་བས་ཆེ་བའི་སྒོ་ནས་དར་སྤེལ་གཏོང་བའི་རྣམ་པ་དང་གཞི་རྟེན་གལ་ཆེན་ཞིག་ཏུ་གྱུར་ཡོད།
         ནང་སོག་གི་མི་རིགས་རིག་གནས་ཐད་ལོ་རྒྱུས་ཡུན་རིང་ལྡན་པ་དང་གྲངས་ཉུང་མི་རིགས་ཁག་གིས་དུས་ཡུན་རིང་པོའི་ཐོན་སྐྱེད་དང་འཚོ་བའི་ལག་ལེན་ཁྲོད་རྣམ་པ་ཕུན་སུམ་ཚོགས་པའི་སྲོལ་རྒྱུན་ལུས་རྩལ་གྱི་རྣམ་གྲངས་རིམ་པས་གྲུབ་ཡོད། སོག་རིགས་ཀྱི་སྦེ་ག་དང་། རྟ་རྒྱུག མདའ་འཕེན་(སྐྱེས་པའི་རྩལ་གསུམ)བཅས་དང་། ཏ་ཝོར་རིགས་ཀྱི་དབྱུག་ཀྱོག་སྤོ་ལོ། ཁྲའོ་ཞན་རིགས་ཀྱི་ཇིང་ཏ་ལིང་ཏ་སོགས་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་གྱི་སྤུས་རྟགས་སུ་གྱུར་ཡོད།
          སྐབས་འདིའི་ལུས་རྩལ་འགྲན་ཚོགས་ལ་བྱ་དགའ་རིམ་པ་དང་པོ་དང་། གཉིས་པ། གསུམ་པ་བཅས་བཀོད་སྒྲིག་བྱས་ཡོད་པ་དང་སྐར་གྲངས་བསྡོམས་འབོར་གྱི་ཨང་རིམ་མེད་པ་བཟོས་ཡོད། མང་ཚོགས་ལུས་རྩལ་ནང་ཞུགས་པའི་ཧུར་སེམས་དང་སྤྲོ་སྣང་འཕེལ་བའི་ཁྱད་ཆོས་སྔར་བས་མངོན་གསལ་དོད་པོ་ཡོང་བ་བྱས་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།