འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་དབྱང་ནོར་སྲིད་ཀྱིས་དངུལ་སྒོར་དུང་ཕྱུར་18.8བཏང་ནས་རྒུད་སྐྱོབ་ལས་དོན་ལ་
    རྒྱབ་སྐྱོར་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་05ཉིན། 16:57】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཧུའུ་ནན་དང་། ཅང་ཤིས། ཀུའེ་ཀྲོའུ། ཀྲེ་ཅང་སོགས་ཞིང་ཆེན་དུ་ཆུ་ལོག་དང་ཞོད་སྐྱོན་སོགས་ཀྱི་གནོད་འཚེ་ཐོན་ནས་མི་དམངས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་ཤུགས་རྐྱེན་ཆེན་པོ་བཟོས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཙུང་ལི་ལི་ཁེ་ཆང་སོགས་ཀྲུང་དབྱང་གི་འགོ་ཁྲིད་བློ་མཐུན་གྱི་མཆན་འགོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་དང་ས་གནས་ཀྱིས་ནུས་ཤུགས་ཡོད་རྒུས་རྒུད་སྐྱོབ་ལས་དོན་ཡག་པོ་བསྒྲུབ་རྒྱུར་རྒྱབ་སྐྱོར་བྱ་ཆེད་ཟླ་7ཚེས་3ཉིན་ཀྲུང་དབྱང་ནོར་སྲིད་ནས་ཧུའུ་ནན་དང་། ཅང་ཤིས། ཀུའེ་ཀྲོའུ། ཀྲེ་ཅང་སོགས་ཞིང་ཆེན་(རང་སྐྱོང་ལྗོངས)20ལ་འཕྲལ་དུ་ཁ་གསབ་དངུལ་སྒོར་དུང་ཕྱུར་18.8བཏང་བའི་ནང་ནས་རང་བྱུང་གནོད་འཚེའི་འཚོ་བའི་ཁ་གསབ་ཐད་བཏང་བའི་སྒོར་དུང་ཕྱུར་7དེ་ཞིང་ཆེན་རིམ་པས་གེགས་ཁུལ་གྱི་གནོད་འཚེ་ཕོག་པའི་མང་ཚོགས་ཛ་དྲག་གནས་སྤོ་བཀོད་སྒྲིག་དང་། བར་བརྒལ་རང་བཞིན་གྱི་འཚོ་བའི་རོགས་སྐྱོབ། གཏོར་སྐྱོན་ཕོག་པའི་སྡོད་ཁང་སླར་གསོ་བསྐྱར་སྐྲུན། གནོད་འཚེའི་ནང་ཤི་རྨས་བྱུང་བའི་ནང་མིར་སེམས་གསོའི་དངུལ་སྤྲོད་པ་སོགས་ལ་སྤྱི་འདོམས་གཏོང་རྒྱུ་དང་། འབྲུབ་འགོག་ཐན་འགོག་དང་ཞིང་ལས་ཐོན་སྐྱེད་རྒུད་སྐྱོབ་ཀྱི་སྒོར་དུང་ཕྱུར་11.8དེ་འབྲུབ་འགོག་ཉེན་སེལ་དང་། གཏོར་སྐྱོན་ཕོག་པའི་ཆུ་བེད་སྒྲིག་ཆས་ཉམས་བཟོ། ཞིང་ལས་ཐོན་སྐྱེད་ཀྱི་རྒུད་སྐྱོབ་དང་གེགས་རྗེས་ཐོན་སྐྱེད་སླར་གསོ་སོགས་ལ་གཏོང་རྒྱུ་ཡིན་པ་རེད།
           གོམ་སྟབས་རྗེས་མར། ནོར་སྲིད་པུས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་གནོད་འཚེ་ཕོག་ཁུལ་གྱི་གནོད་འཚེའི་གནས་ཚུལ་འགྱུར་ལྡོག་ལ་མུ་མཐུད་དོ་སྣང་བྱས་ཏེ་འཕྲལ་མར་རོགས་དངུལ་བཏང་སྟེ་གནོད་འཚེ་ཕོག་མཁན་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་འགན་ལེན་དང་། འབྲུབ་འགོག་ཉེན་སེལ། ཞིང་ལས་ཐོན་སྐྱེད་བསྐྱར་གསོ་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།