འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་ཉིང་རྡུལ་ནུས་པ་གཞི་ཁྱོན་ཅན་གྱི་འཕེལ་རྒྱས་ཀྱི་དུས་སྐབས་གསར་པར་སླེབས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་05ཉིན། 16:56】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཀྲུང་གོའི་ཉིང་རྡུལ་ནུས་པ་གཞི་ཁྱོན་ཅན་གྱི་འཕེལ་རྒྱས་ཀྱི་དུས་སྐབས་གསར་པར་སླེབས་ཡོད། 2020ལོར་སླེབས་སྐབས་རང་རྒྱལ་གྱི་ཉིང་རྡུལ་གློག་འཁོར་སྐྱོད་དང་སྒྲིག་སྦྱོར་བྱེད་བཞིན་པའི་འཕྲུལ་འཁོར་ནས་གློག་འདོན་ཚད་ཆན་ཝ་ཁྲི་8800ཟིན་རྒྱུ་དང་དེའི་ནང་རབས་གསུམ་པའི་ཉིང་རྡུལ་གློག་གི་ལག་རྩལ་ཚུད་པའི་ཚན་རྩལ་གསར་གཏོད་ཀྱི་གྲུབ་འབྲས་རྒྱལ་སྤྱིའི་སྔོན་ཐོན་ཆུ་ཚད་དུ་སླེབས་ནས་ཀྲུང་གོ་འཛམ་གླིང་གི་ཉིང་རྡུལ་གློག་གི་ཐོན་ལས་རྟེན་གནས་ལ་རིམ་པས་འགྱུར་བཞིན་ཡོད།
           སྐབས་25པའི་རྒྱལ་སྤྱིའི་ཉིང་རྡུལ་འདུ་འགོད་ཀྱི་ཚོགས་ཆེན་གོང་ཚེས་ཉིན་ཧྲང་ཧའེ་རུ་འཚོགས་པ་རེད། རྒྱལ་སྤྱིའི་ཉིང་རྡུལ་འདུ་འགོད་ཚོགས་ཆེན་ལ་ཉིང་རྡུལ་འདུ་འགོད་ཁྱབ་ཁོངས་སུ“ཨོ་ལིམ་ཕིག”ཅེས་བརྗོད་སྲོལ་ཡོད་པ་དང་། དེ་ནི་རྒྱལ་སྤྱིའི་ཉིང་རྡུལ་འདུ་འགོད་ཁྱབ་ཁོངས་སུ་ཤུགས་རྐྱེན་ཆེ་ཤོས་ལྡན་པའི་ཚོགས་ཆེན་ཞིག་ཡིན་ལ། ད་ཐེངས་ཀྱི་ཚོགས་ཆེན་དེའང་ཀྲུང་གོས་རྒྱལ་སྤྱིའི་ཉིང་རྡུལ་འདུ་འགོད་ཀྱི་ཚོགས་ཆེན་འཚོག་ཐེངས་བཞི་པ་ཡིན་པ་ལས། རྒྱལ་སྤྱིའི་ལས་རིགས་གཅིག་པས་ཀྲུང་གོའི་ཉིང་རྡུལ་ནུས་པ་འཕེལ་རྒྱས་ལ་དོ་ཁུར་ཆེན་པོ་བྱེད་ལུགས་གང་ལེགས་མཚོན་ཡོད། ལོ་60ལྷག་ཙམ་རིང་། ཀྲུང་གོའི་ཉིང་རྡུལ་འདུ་འགོད་མེད་པ་ནས་ཡོད་པའི་བར་དང་ཆུང་བ་ནས་ཆེ་བའི་བར་འཛམ་གླིང་གི་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་ཆེན་པོ་ཐོབ་ཡོད། ཀྲུང་གོས་ཉིང་རྡུལ་ནུས་པའི་ལག་རྩལ་གསར་གཏོད་དང་ཞི་བར་སྤྱོད་པ་ཐོག་མཐའ་བར་གསུམ་དུ་འབད་བརྩོན་བྱས་ནས་ཉིང་རྡུལ་བཟོ་ལས་དང་། ཞིང་སྨན། གསོ་རིག་ཁོར་ཡུག་ནུས་རྒྱུ་སོགས་ཁྱབ་ཁོངས་སུ་རྒྱ་ཁྱབ་ངང་སྤྱོད་པའི་སྐུལ་འདེད་ཧུར་ཐག་བཏང་ཡོད།
           “ཉིང་རྡུལ་ནུས་པ་རང་རྒྱལ་དུ་གཞི་ཁྱོན་ཅན་གྱི་འཕེལ་རྒྱས་ཀྱི་དུས་སྐབས་གསར་པར་སླེབས་ཡོད” ཀྲུང་གོ་བཟོ་བཀོད་ཁང་གི་ཡོའན་ཧྲི་ཀྲུང་གོ་ཉིང་རྡུལ་སློབ་ཚོགས་ཀྱི་ལས་འཛིན་འགོ་གཙོ་ལི་ཀོན་ཤིང་གིས“མིག་སྔར་ཀྲུང་གོའི་སྐམ་ས་ཆེ་མོར་འཁོར་སྐྱོད་བྱེད་བཞིན་པའི་ཉིང་རྡུལ་འཕྲུལ་ཙུའུ་36དང་སྒྲིག་སྦྱོར་བྱེད་བཞིན་པའི་འཕྲུལ་ཙུའུ་20ཡོད་ཅིང་། སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་གློག་གཤོང་ཚད་ཆན་ཝ་ཁྲི་5693.5ཙམ་ཟིན་ཡོད། 2020ལོར་སླེབས་སྐབས་རང་རྒྱལ་གྱི་ཉིང་རྡུལ་གློག་འཁོར་སྐྱོད་དང་སྒྲིག་སྦྱོར་བྱེད་བཞིན་པའི་འཕྲུལ་འཁོར་ནས་གློག་ཆན་ཝ་ཁྲི་8800ཟིན་རྒྱུ་རེད”ཅེས་ངོ་སྤྲོད་གནང་ཞིང་། ཁོང་གིས“ལོ་ལྔ་ཚན་བཅུ་གསུམ་པའི”རིང་། ཀྲུང་གོའི་ཉིང་རྡུལ་བཟོ་ལས་ཀྱིས་དཔེ་སྟོན་མྱུར་སྤུངས་མཚོན་བྱེད་ཡིན་པའི་སྔོན་ཐོན་གྱི་ཉིང་རྡུལ་ནུས་པའི་མ་ལག་འདུ་འགོད་དང་། བར་མཐོངས་ཀྱི་ཉིང་རྡུལ་སྒུལ་ཤུགས་ཀྱི་ཚན་རྩལ་དཔེ་སྟོན་འདུ་འགོད་སོགས་ཀྱི་རྣམ་གྲངས་གལ་ཆེན་ཁག་གཅིག་ལག་ལེན་བསྟར་རྒྱུ་རེད་ཅེས་བརྗོད།
      

    ཕྱོགས་བསྡུས་གསར་འགྱུར།