འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།བཟའ་བཅའ་དང་སྨན་རྫས་ཀྱི་དབང་གྲགས་ལྡན་པའི་ཚན་རིག་ཁྱབ་གདལ་དྲ་རྒྱའི་ལས་སྟེགས་བཏོན་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་05ཉིན། 16:53】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་3ཉིན། རྒྱལ་ཡོངས་བཟའ་བཅའི་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་རིང་། རྒྱལ་ཁབ་བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་གསར་འགྱུར་དྲིལ་བསྒྲགས་ལྟེ་གནས་ཀྱིས་པའེ་ཏུའུ་ཤེས་བྱ་ཀུན་བཏུས་དང་མཉམ་དུ་བཏོད་པའི་བཟའ་བཅའ་དང་སྨན་རྫས་ཀྱི་དབང་གྲགས་ལྡན་པའི་ཚན་རིག་ཁྱབ་གདལ་དྲ་རྒྱའི་ལས་སྟེགས་ཀྱི་བཟའ་བཅའ་དང་སྨན་རྫས་ཀྱི་ཚན་རིག་ཁྱབ་གདལ་བརྙན་ཐུང་ཁག་དང་པོ་དངོས་སུ་བཏོན་པ་དང་། སྤྱི་དམངས་ཀྱིས་ལས་སྟེགས་དེ་ནས་དབང་གྲགས་ལྡན་པའི་བཟའ་བཅའ་དང་སྨན་རྫས་ཀྱི་ཤེས་བྱ་ཤེས་རྟོགས་བྱ་ཆོག་གི་ཡོད།
           སྤྱི་དམངས་ཀྱིས་བཟའ་བཅའ་དང་སྨན་རྫས་སོགས་ཀྱི་ཚན་རིག་ཤེས་བྱ་ངོས་འཛིན་ཡང་དག་ཡོང་བར་ཁྲིད་སྟོན་བྱ་ཆེད། བཟའ་བཅའ་དང་སྨན་རྫས་ལྟ་བཤེར་སྤྱི་ཁྱབ་ཅུས་གསར་འགྱུར་ལྟེ་གནས་ཀྱིས་ལས་སྟེགས་འཛུགས་སྐྱོང་ལ་སྐུལ་འདེད་བཏང་ནས་རིགས་གཅིག་མཁས་ཅན་གྱི་ཨུ་ཡོན་ལྷན་ཁང་བཙུགས་པ་དང་། ཐོན་རྫས་ཀྱི་གྲངས་གཞིར་བརྟེན་ནས་དབང་གྲགས་ལྡན་པའི་ཚན་རིག་ཁྱབ་གདལ་བརྙན་ཐུང་བཟོས་ཏེ་བཟའ་བཅའ་དང་སྨན་རྫས་ཀྱི་བདེ་འཇགས་སྤྱི་ཚོགས་ཡོངས་ཀྱིས་མཉམ་དུ་བསྲུང་རྒྱུར་སྐུལ་འདེད་ཏན་ཏིག་བཏང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།