འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།ཞུང་ཨན་ཁུལ་གསར་གྱི་ལོ་རྒྱུས་རིག་གནས་དང་ཤུལ་བཞག་སྲུང་སྐྱོབ་ཀྱི་བཞུགས་མོལ་ཚོགས་
    འདུ་འཚོགས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་03ཉིན། 11:23】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཞུང་ཨན་ཁུལ་གསར་གྱི་ལོ་རྒྱུས་རིག་གནས་སྔོག་འདོན་དང་རིག་གནས་ཤུལ་བཞག་སྲུང་སྐྱོབ་ལ་སྐུལ་འདེད་ཧུར་ཐག་གཏོང་ཆེད། ཉེ་ཆར་ཞུང་ཨན་ཁུལ་གསར་གྱི་ལོ་རྒྱུས་རིག་གནས་དང་ཤུལ་བཞག་སྲུང་སྐྱོབ་ཀྱི་བཞུགས་མོལ་ཚོགས་འདུ་ཧོ་པེ་སློབ་ཆེན་དུ་འཚོགས་ཤིང་། བྱེད་སྒོ་དེ་ནི་ཧོ་པེ་ཞུང་ཨན་ཁུལ་གསར་དོ་དམ་ཨུ་ལྷན་དང་། ཧོ་པེ་ཞིང་ཆེན་རིག་གནས་ཐིང་། ཧོ་པེ་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱིས་གཙོ་གཉེར་བྱས་པ་དང་ཧོ་པེ་སློབ་ཆེན་གྱིས་སྒྲུབ་འགན་འཁུར་བ་ཞིག་རེད། བཞུགས་མོལ་ཚོགས་འདུའི་དམིགས་ཡུལ་ནི་སྤྱི་ཚོགས་ལས་རིགས་ཁག་གི་མཉམ་ཤུགས་གཅིག་སྒྲིལ་བྱས་ནས་ཞུང་ཨན་ཁུལ་གསར་གྱི་ལོ་རྒྱུས་རིག་གནས་ཤུལ་བཞག་སྲུང་སྐྱོབ་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ངོས་འཛིན་སྔར་བས་མཐོ་རུ་གཏོང་རྒྱུ་དང་། ཁུལ་གསར་གྱི་ལོ་རྒྱུས་རིག་གནས་དང་ཤུལ་བཞག་སྲུང་སྐྱོབ་ཀྱི་བྱེད་ཐབས་ལ་བགྲོ་གླེང་གཏིང་ཟབ་བྱེད་པ། གོམ་སྟབས་རྗེས་མའི་ལས་དོན་གྱི་ཁ་ཕྱོགས་དང་བྱེད་ཐབས་བཏོན་ནས་རིག་དངོས་སྲུང་སྐྱོབ་དང་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་ལ་སྤྱི་འདོམས་བྱ་རྒྱུ། ཁུལ་གསར་གྱི་ཁྱད་ལྡན་ལོ་རྒྱུས་དང་རིག་གནས་སྔོག་འདོན་གང་ལེགས་བྱེད་པ། ལོ་རྒྱུས་རིག་གནས་ཤུལ་བཞག་གི་ཐོན་ཁུངས་དཀར་ཆག་གསལ་ཐོ་བརྒྱུད་རིམ་ལྡན་པའི་ངང་གསེད་དཀྲོལ་བྱས་ཏེ་འཆར་འགོད་བཟོ་བ་དང་གྲོང་ཁྱེར་གྱི་འཛུགས་སྐྲུན་ཁྲོད་ཀྲུང་གོའི་ཁྱད་ཆོས་དང་ཞུང་ཨན་རིག་གནས་ཀྱི་རྣམ་པ་མངོན་པ་བྱ་རྒྱུ་དེ་རེད།
      

    ཕྱོགས་བསྡུས་གསར་འགྱུར།