འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།ཤིན་ཅང་གི་ནུབ་རྒྱུད་འཆར་གཞིའི་དང་བླངས་པའི་གཞི་ཁྱོན་མི་4000ལས་འདས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་03ཉིན། 11:21】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། གསར་འགོད་པས་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་སྡེ་ཚོགས་ཨུ་ལྷན་ནས་ཤེས་རྟོགས་བྱས་པར་གཞིགས་ན། འདི་ལོ་ཤིན་ཅང་གི་ནུབ་རྒྱུད་འཆར་གཞིའི་དང་བླངས་པའི་གཞི་ཁྱོན་མི་4000(ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་མ་ཚུད་པ)ལས་འདས་ཡོད་པ་རེད། རྒྱལ་ཡོངས་ཀྱི་གསར་དུ་བསྡུས་པའི་སློབ་གྲྭ་ཆེ་མོ་བའི་དང་བླངས་པ་ཐེན་ཧྲན་རི་བོའི་ལྷོ་བྱང་གི་རྣམ་གྲངས་རྫོང་79ལ་ཁག་བགོས་ངང་དང་བླངས་ཞབས་ཞུ་སྤེལ་བར་བསྐྱོད་རྒྱུ་རེད།
          སློབ་གྲྭ་ཆེ་མོ་བའི་དང་བླངས་ཞབས་ཞུའི་ནུབ་རྒྱུད་འཆར་གཞིའི་ཞབས་ཞུའི་ཤིན་ཅང་ཆེད་དོན་གྱིས་ཡོངས་བསྒྲགས་ངང་བསྡུ་བ་དང་། རང་མོས་ངང་མིང་ཐོ་འགོད་པ། རྩ་འཛུགས་ཀྱིས་གདམ་གསེས། གཅིག་སྡུད་མངགས་གཏོང་བཅས་བྱེད་པའི་བྱ་ཐབས་གཞིར་བཟུང་ལོ་ལྟར་གྲངས་འབོར་ངེས་ཅན་གྱི་མཐོ་རིམ་སློབ་གླིང་དང་སློབ་གྲྭ་དཀྱུས་མའི་ལོ་འདི་གའི་སློབ་ཐོན་སློབ་མའམ་ཡང་ན་ཞིབ་འཇུག་སློབ་མ་བསྡུས་ཏེ་དང་བླངས་ཞབས་ཞུའི་རྣམ་པར་བརྟེན་ནས་ལྗོངས་ཡོངས་ཀྱི་རྣམ་གྲངས་རྫོང་ཁག་གི་གཞི་རིམ་ཏང་སྲིད་ལས་ཁུངས་དང་ཁེ་ལས་དང་བྱ་གཞག་ཚན་པར་དུས་ཡུན་ལོ་1ནས་3བར་གྱི་སློབ་སྐྱོར་དང་། སྨན་སྐྱོར། ཞིང་སྐྱོར། གཞི་རིམ་སྤྱི་ཚོགས་དོ་དམ། གཞི་རིམ་གཞོན་ནུའི་ལས་དོན་སོགས་རྣམ་གྲངས་14ཡི་དང་བླངས་ཞབས་ཞུ་སྤེལ་བར་བསྐྱོད་རྒྱུ་རེད།
         སློབ་གྲྭ་ཆེ་མོ་བའི་དང་བླངས་ཞབས་ཞུའི་ནུབ་རྒྱུད་འཆར་གཞིའི་ཞབས་ཞུའི་ཤིན་ཅང་ཆེད་དོན་མེད་པ་ནས་ཡོད་པའི་བར་འཕེལ་རྒྱས་ཕྱིན་པ་དང་ལག་བསྟར་གཞི་ཁྱོན་ལོ་རེ་བཞིན་ཆེ་རུ་ཕྱིན་ཡོད་པ་རེད། བསྡུ་རྒྱ་དེ་2003ལོར་ཐོག་མར་པེ་ཅིང་དང་ཧྲན་ཏུང་སོགས་གནས་གཏན་འཁེལ་གྱི་ཞིང་ཆེན་དང་གྲོང་ཁྱེར་6གི་མཐོ་སློབ་66ལ་ཕྱོགས་པ་ནས་2012ལོ་ནས་བཟུང་རྒྱལ་ཡོངས་ཀྱི་མཐོ་སློབ་405ལ་ཕྱོགས་ནས་བསྡུ་བ་དང་། ལས་ཐོག་མི་གྲངས་ཐོག་མའི་མི་400ནས་2016ལོའི་ལས་ཐོག་མི་གྲངས་3200བར་མང་དུ་ཕྱིན་ཡོད་པ་རེད།
         2016ལོ་བར་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་གྲོང་ཁྱེར་ནས་སླེབས་པའི་སློབ་གྲྭ་ཆེ་མོ་བའི་དང་བླངས་པ་15000ལྷག་ཙམ་གྱིས་ཤིན་ཅང་གི་ས་ཁུལ་(རང་སྐྱོང་ཁུལ)གྲོང་ཁྱེར་14དང་རྣམ་གྲངས་རྫོང་79ལ་དང་བླངས་ཞབས་ཞུ་སྤེལ་བའི་ནང་བཅུ་ཆ་གསུམ་ལས་བརྒལ་བ་དང་དང་བླངས་པ་5000ལྷག་ཙམ་ཤིན་ཅང་དུ་ལས་ཞུགས་ཐུབ་ཡོད་པ་རེད།
         ནུབ་རྒྱུད་འཆར་གཞིའི་རྣམ་གྲངས་2003ལོར་ཤིན་ཅང་དུ་སྤེལ་འགོ་ཚུགས་པ་དང་2011ལོར་སློབ་གྲྭ་ཆེ་མོ་བའི་དང་བླངས་ཞབས་ཞུའི་ནུབ་རྒྱུད་འཆར་གཞིའི་ཞབས་ཞུའི་ཤིན་ཅང་གི་ཆེད་དོན་དངོས་སུ་གཏན་འཁེལ་བྱས་ནས་རྨང་གཞིའི་སློབ་གསོ་དང་། ཞིང་ལས་ཚན་རྩལ། སྨན་བཅོས་འཕྲོད་བསྟེན། བོད་ལ་ཞབས་ཞུ། གཞི་རིམ་སྤྱི་ཚོགས་དོ་དམ། གཞི་རིམ་གཞོན་ནུའི་ལས་དོན་བཅས་ནུབ་རྒྱུད་འཆར་གཞིའི་ཆེད་དོན་ཆེ་གྲས་བདུན་ལ་ཕྱེ་ཡོད་པ་དང་། ནུབ་རྒྱུད་འཆར་གཞིའི་དང་བླངས་པ་དེ་ཤིན་ཅང་གི་ཤེས་ལྡན་པ་གྲབས་གསོག་བྱེད་པའི་གྲུབ་ཆ་གལ་ཆེན་ལ་གྱུར་ཡོད། ཤིན་ཅང་དུ་བསྐྱོད་པའི་གཞི་རིམ་གྱི་སློབ་གྲྭ་ཆེ་མོ་བའི་དང་བླངས་པ་དེ་དག་གིས་ས་གནས་དེ་གར་ལང་ཚོའི་གསོན་ཤུགས་བསྣན་པ་མ་ཟད་རིག་ནུས་ཀྱི་ཐོན་ཁུངས་ཀྱང་ཁྱེར་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།