འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།ལམ་རྒྱུད་ཀྱི་རྒྱལ་ཁབ་36འདུ་ཚོགས་ ལ་ཞུགས་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་03ཉིན། 11:22】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། “ཀྲུང་གོའི་ལན་ཀྲོའུ་མ་འཇོག་ཉོ་ཚོང་གི་ངོ་འཕྲད་གྲོས་མོལ་འདུ་ཚོགས”སྐབས་23པ་ཟླ་7ཚེས་6ནས་ཚེས་9ཉིན་བར་འཚོག་རྒྱུ་ཡིན་ཞིང་། “རྒྱུད་གཅིག་ལམ་གཅིག”གི་བརྗོད་དོན་གཙོ་བོ་མངོན་གསལ་དོད་པོ་ཡོང་བ་བྱ་རྒྱུ་རེད།
          དེ་ནི་གསར་འགོད་པས་ཚེས་29ཉིན་ཀན་སུའུ་ཞིང་ཆེན་སྲིད་གཞུང་དུ་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ཤེས་རྟོགས་བྱས་པ་ཞིག་རེད།
         ཀན་སུའུ་ཞིང་ཆེན་ཚོང་དོན་ཐིང་གི་ཐིང་ཀྲང་ཀྲང་དབྱིང་ཧྭས་ངོ་སྤྲོད་བྱས་པ་ལྟར་ན། “ལན་ཀྲོའུ་ཡི་ངོ་འཕྲད་གྲོས་མོལ་འདུ་ཚོགས”སྐབས་23པར“རྒྱུད་གཅིག་ལམ་གཅིག”ལམ་རྒྱུད་ཀྱི་རྒྱལ་ཁབ་36འདུ་ཚོགས་ལ་ཞུགས་རྒྱུ་ཡིན་པ་དང་། རྒྱལ་སྤྱིའི་རྩ་འཛུགས་མང་པོ་དང་། ཤང་ཀང་། ཨའོ་མོན། ཐའེ་དབན་བཅས་ཀྱང་གདན་ཞུས་ལྟར་འདུ་ཚོགས་སུ་ཞུགས་རྒྱུ་རེད།
         ད་རེས་ཀྱི་ལན་ཀྲོའུ་ཡི་ངོ་འཕྲད་གྲོས་མོལ་འདུ་ཚོགས་དེ་ཚོང་དོན་པུའུ་དང་། རྒྱལ་ཁབ་བཟོ་ཚོང་སྤྱི་ཁྱབ་ཅུས། རྒྱལ་སྲིད་སྤྱི་ཁྱབ་ཁང་ཐའེ་དབན་གཞུང་ལས་ཁང་། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཀྲུང་གོའི་ཕྱིར་སྡོད་རང་མི་ལྷན་ཚོགས། ཀྲུང་གོའི་ཚོང་དོན་སྐུལ་སྤེལ་མཐུན་ཚོགས། ཀན་སུའུ་ཞིང་ཆེན་མི་དམངས་སྲིད་གཞུང་དང་ཀྲུང་གོ—ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་ལྟེ་གནས་བཅས་ཀྱིས་གཙོ་གཉེར་བྱས་པ་དང་། “‘རྒྱུད་གཅིག་ལམ་གཅིག’མཉམ་དུ་བསྐྲུན་ནས་གཉིས་ཁེ་གཉིས་ཕན་ལ་སྐུལ་མ་གཏོང་རྒྱུ”བརྗོད་དོན་གཙོ་བོར་བྱས་ནས་གླེང་སྟེགས་དང་དེ་བཞིན་འགྲེམས་སྟོན་དང་མ་འཇོག་ཉོ་ཚོང་སྐུལ་སྤེལ་གྱི་བྱེད་སྒོ་རབ་དང་རིམ་པ་གཉེར་རྒྱུ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། ད་རེས་ཀྱི་ལན་ཀྲོའུ་ཡི་ངོ་འཕྲད་གྲོས་མོལ་འདུ་ཚོགས་རིང་། དར་གོས་ལམ་བུའི་མཉམ་ལས་འཕེལ་རྒྱས་ཀྱི་མཐོ་རིམ་གླེང་སྟེགས་དང་དར་གོས་ལམ་བུའི་དཔལ་འབྱོར་ཁུལ་གྱི་ཀྲུང་གོ་(ཀན་སུའུ)—ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ཀྱི་དངོས་སྒྲུབ་མཉམ་ལས་ཀྱི་གླེང་སྟེགས་དང་འཛམ་གླིང་གི་ཁེ་ལས་རྩེ་གྲ་500ཀན་སུའུ་རུ་བསྐྱོད་པའི་བྱེད་སྒོ་སོགས་རྒྱལ་སྤྱི་ཅན་གྱི་མ་འཇོག་ཉོ་ཚོང་སྐུལ་སྤེལ་བྱེད་སྒོ་30ལྷག་གཉེར་ནས་འགྲེམས་ཁང་གཙོ་བོར་དར་གོས་ལམ་བུའི་རྒྱལ་སྤྱིའི་མཉམ་ལས་འགྲེམས་ཁུལ་བཙུགས་ཡོད།
         སྐབས་འདིའི་ལན་ཀྲོའུ་ཡི་ངོ་འཕྲད་གྲོས་མོལ་འདུ་ཚོགས་ལ་མ་ལེ་ཞི་ཡ་དང་ནེ་པ་ལ་སྐུ་མགྲོན་གཙོ་བོའི་རྒྱལ་ཁབ་ཏུ་གདན་དྲངས་ནས་འགྲེམས་སྟོན་ཁང་གཙོ་བོར་མ་ལེ་ཞི་ཡ་དང་ནེ་པ་ལའི་རྒྱལ་ཁབ་ཀྱི་འགྲེམས་ཁང་འཛུགས་རྒྱུ་དང་། དེའི་རིང་ད་དུང་མ་ལེ་ཞི་ཡ་དང་ཀྲུང་གོའི་(ཀན་སུའུ)དཔལ་འབྱོར་ཉོ་ཚོང་མཉམ་ལས་ཀྱི་སྤེལ་རེས་འདུ་ཚོགས་དང་། ནེ་པ་ལ་དང་ཀྲུང་གོའི་(ཀན་སུའུ)དཔལ་འབྱོར་ཉོ་ཚོང་མཉམ་ལས་སྤེལ་རེས་འདུ་ཚོགས་སོགས་སྐུ་མགྲོན་གཙོ་བོའི་རྒྱལ་ཁབ་ཀྱི་བྱེད་སྒོ་ཡང་གཉེར་རྒྱུ་རེད།
         “ལན་ཀྲོའུ་ཡི་ངོ་འཕྲད་གྲོས་མོལ་འདུ་ཚོགས”དེ་1993ལོར་གཉེར་འགོ་ཚུགས་པ་དང་ད་ཕན་སྐབས་22བདེ་བླག་ངང་གཉེར་བ་མ་ཟད། ཀན་སུའུ་དང་ཀྲུང་གོའི་ནུབ་བྱང་ས་ཆའི་སྒོ་འབྱེད་དཀར་ཁུང་ལྟ་བུ་དང“རྒྱུད་གཅིག་ལམ་གཅིག”གི་སྤུས་རྟགས་ལྡན་པའི་དཔལ་འབྱོར་ཉོ་ཚོང་གི་འདུ་ཚོགས་གཟབ་རྒྱས་ཤིག་ཏུ་རིམ་གྱིས་གོང་འཕེལ་བྱུང་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།