འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་སུ་ལྕགས་ཀྱིས་གྲུབ་པའི་སྒྲིག་སྦྱོར་ཅན་གྱི་སློབ་ཁྲིད་ཐོག་ཁང་ཐོག་མ་བསྐྲུན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་30ཉིན། 14:09】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།བོད་ལྗོངས་སུ་ལྕགས་ཀྱིས་གྲུབ་པའི་སྒྲིག་སྦྱོར་ཅན་གྱི་སློབ་ཁྲིད་ཐོག་ཁང་ཐོག་མ་བསྐྲུན་པ།
         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་28ཉིན། བོད་ལྗོངས་སུ་ལྕགས་ཀྱིས་གྲུབ་པའི་སྒྲིག་སྦྱོར་ཅན་གྱི་སློབ་ཁྲིད་ཐོག་ཁང་ཐོག་མ་བསྐྲུན་ཏེ་ཞལ་འདེབས་གནང་བའི་མཛད་སྒོ་བོད་ལྗོངས་ལྷོ་ཁ་གོང་དཀར་རྫོང་དགོན་སྟོད་གྲོང་རྡལ་སློབ་ཆུང་དུ་གཉེར་བ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། སློབ་ཁྲིད་ཐོག་ཁང་འདི་ནི་པེ་ཅིང་གྲོང་ཁྱེར་ཡ་ཐའེ་འཛུགས་སྐྲུན་ཚོགས་པའི་ཚད་ཡོད་ཀུང་སིས་འཛུགས་སྐྲུན་བྱེད་འགན་ཁུར་བ་དང་། བོད་ལྗོངས་མཐོ་རིའི་རིག་གནས་འཕེལ་རྒྱས་ཐེབས་རྩ་ཀུན་ཕན་ལས་སྟེགས་བརྒྱུད་ནས་རིན་སྐྱིན་མི་དགོས་པར་བོད་ལྗོངས་གོང་དཀར་རྫོང་སློབ་གསོ་ཅུས་ལ་ཞལ་འདེབས་གནང་བ་རེད།
         སློབ་ཁྲིད་ཐོག་ཁང་འདི་ནི་མིག་སྔའི་འཛུགས་སྐྲུན་ཁྱབ་ཁོངས་ནང་གི་སྔོན་ཐོན་དང་ཁོར་ཡུག་སྲུང་སྐྱོང་གི་ལྕགས་ཀྱིས་གྲུབ་པའི་སྒྲིག་སྦྱོར་ཅན་གྱི་ལག་རྩལ་བཀོལ་སྤྱོད་བྱས་ཏེ་2017ལོའི་ཟླ་དང་པོར་འཛུགས་སྐྲུན་བྱེད་འགོ་བརྩམས་པ་དང་། དུས་ཡུན་ལོ་ཕྱེད་ལ་འཛུགས་སྐྲུན་བྱས་ནས་གྲུབ་པ་རེད། ཐོག་རིམ་གསུམ་ལྡན་གྱི་སློབ་ཁྲིད་ཐོག་ཁང་འདིར་ཁྱོན་བསྡོམས་སྨི་གྲུ་བཞི་མ་2000ལྷག་ཡོད་པ་དང་། རིན་ཐང་བསྡོམས་འབོར་མི་དམངས་ཤོག་སྒོར་ཁྲི་900ལྷག་ཟིན་པ་རེད། གོང་གི་པར་རིས་ནི་ཡ་ཐའེ་འཛུགས་སྐྲུན་ཚོགས་པའི་ཚད་ཡོད་ཀུང་སིའི་ལས་འཛིན་པའི་ལྷན་ཚོགས་ཀྱི་འགོ་འཛིན་ཚའོ་གོ་ཀྲང་(གཡས་)གིས་གོང་དཀར་རྫོང་དགོན་སྟོད་གྲོང་རྡལ་སློབ་ཆུང་ལ་སློབ་ཁྲིད་མཐོ་ཁང་གི་སྒོ་བྱང་གནང་བཞིན་པ།
     ཞལ་འདེབས་གནང་བའི་མཛད་སྒོ།
     ཞལ་འདེབས་གནང་བའི་མཛད་སྒོ།
    སློབ་ཁྲིད་ཐོག་ཁང་གི་ཕྱི་ལྗོངས།
    སློབ་ཁྲིད་ཐོག་ཁང་གི་ཕྱི་ལྗོངས།
    སློབ་ཁྲིད་ཐོག་ཁང་ནང་གི་རྣམ་པ།
    སློབ་ཁྲིད་ཐོག་ཁང་ནང་གི་རྣམ་པ།
      

    ཕྱོགས་བསྡུས་གསར་འགྱུར།