འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།རིན་ཆེན་ལྷ་མོས་རྒྱལ་ཡོངས་བྲག་འཛེགས་ལེགས་སྐྱེས་འགྲན་བསྡུར་གྱི་སྐྱེས་མའི་འགྲན་
    བསྡུར་ཁྲོད་ཨང་དང་པོ་བླངས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་30ཉིན། 13:29】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་28ཉིན།  རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གསུམ་པའི་མང་ཚོགས་འགྲན་བསྡུར་གྱི་བྲག་འཛེགས་འགྲན་བསྡུར་ནང་ཚུད་པའི་འགྲན་བསྡུར་དང"ལུའུ་ཕུའུ་ནའེ་ཐེ་བུམ་པ"རྒྱལ་ཡོངས་བྲག་འཛེགས་ལེགས་སྐྱེས་འགྲན་བསྡུར་སྐབས་ཉེར་ལྔ་པ་མཇུག་བསྒྲིལ་བ་རེད། བོད་ལྗོངས་བྲག་འཛེགས་རུ་ཁག་གིས་སྐྱེས་པ་དང་སྐྱེས་མ་བྲག་འཛེགས་པ་9བདམས་ནས་དཀའ་ཚད་འགྲན་བསྡུར་དང་། བྲག་འཛེགས་འགྲན་བསྡུར། མྱུར་ཚད་འགྲན་བསྡུར་(ཚད་ལྡན་འགྲན་ལམ་)། མྱུར་ཚད་འགྲན་བསྡུར་(སྐབས་བསྟུན་འགྲན་ལམ་)སོགས་འགྲན་ཚན་ཁྱོན་ཡོངས་ལ་ཞུགས་པར་མངགས་ཤིང་། སྐྱེས་པ་དང་སྐྱེས་མ་7རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་མང་ཚོགས་འགྲན་བསྡུར་ལ་ཚུད་པ་མ་ཟད། གསེར་གྱི་གཟེངས་རྟགས་1དང་། དངུལ་གྱི་གཟེངས་རྟགས་1 ཟངས་ཀྱི་གཟེངས་རྟགས་1བཅས་ཐོབ་པ་རེད། རིན་ཆེན་ལྷ་མོས་སྐྱེས་མའི་བྲག་འཛེགས་འགྲན་བསྡུར་གྱི་ཨང་དང་པོ་དང་སྐྱེས་མའི་དཀའ་ཚད་འགྲན་བསྡུར་གྱི་ཨང་གཉིས་པ་བླངས་པ་རེད། པདྨ་མ་གཡུ་སྒྲོན་གྱིས་དཀའ་ཚད་འགྲན་བསྡུར་གྱི་ཨང་གསུམ་པ་བླངས་པ་རེད།
         རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གསུམ་པའི་མང་ཚོགས་འགྲན་བསྡུར་གྱི་བྲག་འཛེགས་འགྲན་བསྡུར་གྱི་རྟིང་རྩོད་འགྲན་བསྡུར་ནི་ཟླ་8ཚེས་7ཉིན་ནས་ཚེས་10ཉིན་བར་ཁྲུང་ཆིང་གྲོང་ཁྱེར་ཅིའུ་ལུང་ཕོ་ཆུས་ཧྭ་ཡན་པི་ཧུའུ་ཝང་རྒྱལ་ཁབ་བྲག་འཛེགས་དཔེ་སྟོན་སྤྱི་གླིང་དུ་གཉེར་རྒྱུ་ཡིན་ཞིང་། སྐབས་དེར་བོད་ལྗོངས་བྲག་འཛེགས་རུ་ཁག་གི་རིན་ཆེན་ལྷ་མོ་དང་། བསོད་ནམས་རྒྱ་མཚོ། པདྨ་གཡུ་སྒྲོན། ཕུར་བུ་སྒྲོལ་མ། སྤེན་པ་བཀྲ་ཤིས། འཕྲིན་ལས་བསྟན་འཛིན། རིན་ཆེན་སྒྲོལ་མ་སོགས་རུ་མི་7སྐྱེས་པ་དང་སྐྱེས་མའི་མཐའ་མའི་འགྲན་ཚན་7གྱི་འགྲན་བསྡུར་ལ་ཞུགས་རྒྱུ་ཡིན་པ་རེད། འགྲན་བསྡུར་བྱེད་རིང་བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱི་ཅུས་ཀྲང་ཧུའུ་པིན་དང་། ཅུས་ཀྲང་གཞོན་པ་ཉི་མ་ཚེ་རིང་སོགས་འགྲན་ཡུལ་དུ་དངོས་སུ་ཡོང་ནས་བྲག་འཛེགས་རུ་ཁག་གི་རུ་མི་ཡོངས་ལ་འཚམས་འདྲི་བྱ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།