འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།པེ་ཅིང་གི་མཉེན་ཆས་དང་ཆ་འཕྲིན་ཞབས་ཞུའི་ལས་རིགས་ཀྱི་ཚོང་གཉེར་ཡོང་འབབ་སྒོར་དུང་
    ཕྱུར་7000ལྷག་ཙམ་ཟིན་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་30ཉིན། 10:15】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། རང་རྒྱལ་གྱི་གཞི་ཁྱོན་ཆེ་ཤོས་དང་། གསར་གཏོད་ནུས་ཤུགས་ཆེ་ཤོས། ཐོན་རྫས་མ་ལག་འཐུས་སྒོ་ཚང་ཤོས་བཅས་ཀྱི་མཉེན་ཆས་གྲོང་ཁྱེར་ཞིག་ཡིན་པའི་ངོས་ནས་བརྗོད་ན། པེ་ཅིང་གི་མཉེན་ཆས་དང་ཆ་འཕྲིན་ཞབས་ཞུའི་ལས་རིགས་བརྟན་ཁྲོད་ལེགས་བརྩོན་འཕེལ་རྒྱས་ཀྱི་རྣམ་པ་རྒྱུན་འཁྱོངས་བྱུང་ནས་2016ལོར་ལས་རིགས་དེ་ཡོངས་སུ་ཚོང་གཉེར་ཡོང་འབབ་སྒོར་དུང་ཕྱུར་7287.6བྱུང་བ་དེ་དུས་མཚུངས་ལས་10.2%འཕར་བ་དང་། རིན་ཐང་འཕར་མ་སྒོར་དུང་ཕྱུར་2697.9བྱུང་བ་དེས་གྲོང་ཁྱེར་དེ་ཡོངས་ཀྱི་GDPཡི་10.8%བཟུང་ནས་རྒྱལ་སའི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཀ་རྟེན་གལ་ཆེན་ལ་གྱུར་ཡོད། སྔོན་དཔག་ལྟར་ན་2020ལོར་སླེབས་སྐབས་པེ་ཅིང་གི་མཉེན་ཆས་དང་ཆ་འཕྲིན་ཞབས་ཞུའི་ལས་རིགས་ཀྱི་ཚོང་གཉེར་ཡོང་འབབ་སྒོར་དུང་ཕྱུར་ཁྲི་1ལས་བརྒལ་རྒྱུ་རེད།
           གསར་འགོད་པར་སྐབས་21པའི་ཀྲུང་གོའི་རྒྱལ་སྤྱིའི་མཉེན་ཆས་དངོས་མང་སྟོན་ཚོགས་ཐོག་ནས་ཤེས་རྟོགས་བྱུང་བར། པེ་ཅིང་གི་མཉེན་ཆས་དང་ཆ་འཕྲིན་ཞབས་ཞུའི་ལས་རིགས་ཐོན་ལས་ལ་སྤུས་ཚད་དང་ཕན་འབྲས་གཉིས་འཕར་གྱི་རྣམ་པ་མངོན་པ་དང་། 2016ལོར་གྲོང་ཁྱེར་དེ་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་ཁེ་ལས་(2938)ལ་ཆ་སྙོམས་ཚོང་གཉེར་ཡོང་འབབ་སྒོར་དུང་ཕྱུར་2.6བྱུང་བ་དེ་དུས་མཚུངས་ལས་13.6%འཕར་བ་དང་། ཆ་སྙོམས་ཚོང་གཉེར་ཡོང་འབབ་སྒོར་ཁྲི་100ལྷག་ཙམ་ཟིན་པ་དེ་དུས་མཚུངས་ལས་9.1%འཕར་ཡོད། ཐོན་ལས་གཅིག་སྡུད་བྱེད་ཚད་རྒྱུན་མཐུད་ངང་འཕར་ནས་སྒོར་དུང་ཕྱུར་100ཡན་ཟིན་པའི་ཁེ་ལས་8དང་། སྒོར་དུང་ཕྱུར་10ཡན་ཟིན་པའི་ཁེ་ལས་101 སྒོར་དུང་ཕྱུར་1ཡན་ཟིན་པའི་ཁེ་ལས་859ཡོད་པ་དང་ཆབས་ཅིག་ཁེ་ལས་ཀྱི་ཐོག་མའི་གསར་གཏོད་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ནས་གོ་ལ་ཧྲིལ་པོའི་འགྲན་རྩོད་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། 2016ལོར་གཙོ་གནད་ཁེ་ལས་ཆེ་འབྲིང་གི་ཞིབ་འཇུག་གསར་སྤེལ་གྱི་གཏོང་སྒོ་སྒོར་དུང་ཕྱུར་118ཟིན་ནས་33.2%འཕར་བ་དང་། ཁེ་བེད་བདག་ཐོབ་9402ནུས་ལྡན་ངང་གསར་གཏོད་བྱས་པ་དེ་དུས་མཚུངས་ལས་18.6%འཕར་ཡོད། བདེ་འཇགས་ཐོན་རྫས་དང་སྒུལ་བདེའི་དྲ་སྦྲེལ་ཐོན་རྫས་ཀྱི་རྒྱལ་སྤྱི་ཅན་གྱི་གོམ་སྟབས་མགྱོགས་སུ་ཕྱིན་ནས་གློག་འཕྲིན་མཉེན་ཆས་དང་རོལ་རྩེད་མཉེན་ཆས་ཨ་མེ་རི་ཁ་བྱང་མ་དང་། ཡོ་རོབ། ཨེ་ཤེ་ཡ་ཤར་ལྷོ་སོགས་ཕྱི་རྒྱལ་གྱི་ས་ཁུལ་ལ་ཁྱབ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།