འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།ནང་ས་དང་ཤང་ཀང་གིས་CEPA《མ་འཇོག་གྲོས་ཆོད་》དང་《དཔལ་འབྱོར་ལག་
    རྩལ་མཉམ་ལས་གྲོས་ཆོད་》ལ་མིང་རྟགས་བཀོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་30ཉིན། 10:17】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
            མི་དམངས་དྲ་བའི་འཕྲིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད་ཚོང་དོན་པུའི་པུའུ་ཀྲང་གཞོན་པ་ཀའོ་ཡན་དང་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་ནོར་སྲིད་སིའི་སི་ཀྲང་ཁྲེན་མའོ་པོ་ཡིས་ཚེས་28ཉིན་ཤང་ཀང་དུ་《དཔལ་འབྱོར་ཚོང་དོན་འབྲེལ་བ་དེ་བས་ཟབ་པ་འཛུགས་རྒྱུའི་སྐོར་གྱི་ནང་ས་དང་ཤང་ཀང་གི་བཀོད་སྒྲིག་》(CEPAཞེས་བསྡུ་རྒྱུ)གི་སྒྲོམ་གཞིའི་འོག་གི་《མ་འཇོག་གྲོས་ཆོད་》དང་དེ་བཞིན་《དཔལ་འབྱོར་ལག་རྩལ་མཉམ་ལས་གྲོས་ཆོད་》ལ་མིང་རྟགས་བཀོད་པ་རེད། དེའི་ནང་《མ་འཇོག་གྲོས་ཆོད་》ཀྱིས་CEPAམ་འཇོག་ཞབས་ཞུའི་ལས་རིགས་མ་ཡིན་པའི་བར་རྒྱ་བསྐྱེད་གཏོང་རྒྱུ་ཁས་བླངས་དང་སྦྲགས“ཕན་པ་ཆེ་ཤོས་ཀྱི་ཐོབ་ཐང”གི་དོན་ཚན་ཟུར་བསྣན་བྱས་ཡོད། 《དཔལ་འབྱོར་ལག་རྩལ་མཉམ་ལས་གྲོས་ཆོད་》ཀྱིས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་དཔལ་འབྱོར་ཚོང་དོན་ཁྱབ་ཁོངས་ཀྱི་མཉམ་ལས་CEPAཡི་སྒྲོམ་གཞིའི་འོག་འཇུག་རྒྱུ་རེད། གྲོས་ཆོད་གཉིས་ལ་མིང་རྟགས་བཀོད་པའི་ཉིན་ནས་བཟུང་གོ་ཆོད་རྒྱུ་ཡིན་པ་དང་དེའི་ཁྲོད་ཀྱི《མ་འཇོག་གྲོས་ཆོད》2018ལོའི་ཟླ་1ཚེས་1ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།