འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅༎དབྱི་རག་གི་དམག་དཔུང་གིས་མཱོ་སོ་ནུའུ་རིའི་ཁ་ཆེ་ལྷ་ཁང་ཕྱིར་བླངས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་30ཉིན། 13:41】   (རྩོམ་སྒྲིག་འགན་འཁུར་པ། ཀླུ་སྒྲོན།)

     
    ༄༅༎དབྱི་རག་གི་དམག་དཔུང་གིས་མཱོ་སོ་ནུའུ་རིའི་ཁ་ཆེ་ལྷ་ཁང་ཕྱིར་བླངས་པ།
         མི་དམངས་དྲ་བའི་འཕྲིན། དབྱི་རག་རྒྱལ་ཁབ་ཀྱི་དམག་ཕྱོགས་ཀྱིས་ཟླ་6ཚེས་29ཉིན་བསྒྲགས་པ་ལྟར་ན། སྲིད་གཞུང་དམག་གིས་ཉིན་དེའི་སྔ་དྲོར་མཱོ་སོ་ནུའུ་རིའི་ཁ་ཆེ་ལྷ་ཁང་གནས་ཡུལ་གྱི་ས་ཆའི་བདག་དབང་ཕྱིར་བླངས་པ་རེད།
         དབྱི་རག་དམག་ཕྱོགས་ཀྱི་མཉམ་འབྲེལ་འགུལ་སྤྱོད་སློབ་སྟོན་པུའུ་ཡི་ཀྲུང་ཅང་ཨ་པུའུ་ཏུའུ་ལི་ཨ་སྨིར་·ཡཱ་ལཱ་ལཱ་ཡིས་གསལ་བསྒྲགས་ཤིག་གི་ནང་དུ། འཇིགས་རྒོལ་དམག་དཔུང་གིས་ཐལ་སྤྱོད་རྩ་འཛུགས"དབྱི་སི་ལན་རྒྱལ་ཁབ"ཀྱི་དྲག་ཆས་མི་སྣ་དག་མཱོ་སོ་ནུའུ་རི་(Mosul Nuri)ཡི་གྲོང་ཁུལ་རྙིང་པའི་དབུས་ཁུལ་དུ་ཆགས་པའི་མཱོ་སོ་ནུའུ་རིའི་ཁ་ཆེ་ལྷ་ཁང་གི་མཐའ་སྐོར་གྱི་ས་ཁུལ་ནས་མཐར་སྐྲོད་བཏང་ཡོད་ཟེར།
         དབྱི་རག་གི་སྲིད་བློན་ཨ་པཱ་ཏི་ཡིས་ཉིན་དེར་གསལ་བསྒྲགས་སྤེལ་ནས། ཁ་ཆེ་ལྷ་ཁང་འདིར་བཅིངས་གྲོལ་ཐོབ་པ་ལས"དབྱི་སི་ལན་རྒྱལ་ཁབ"ཀྱི་མཇུག་སྒྲིལ་བ་མཚོན་ཡོད་པ་དང་། དབྱི་རག་གིས་དྲག་སྤྱོད་མི་སྣར་རྡུང་རྡེག་ནན་པོར་གཏོང་རྒྱུ་ཡིན་ཟེར།
         དབྱི་རག་གི་སྲིད་གཞུང་དམག་མཱོ་སོ་ནུའུ་རིའི་གྲོང་ཁུལ་རྙིང་པའི་སར་མདུན་སྐྱོད་བྱས་པ་དང་བསྟུན་ནས། ཟླ་6ཚེས་21ཉིན་ལ། མངའ་ཐང་ཉམས་ཟིན་པའི"དབྱི་སི་ལན་རྒྱལ་ཁབ"ཀྱི་ཁོངས་མི་འགས་མཱོ་སོ་ནུའུ་རིའི་ཁ་ཆེ་ལྷ་ཁང་དང་དེའི་མཆོད་རྟེན་ཡང་འབར་གཏོར་བཏང་བ་རེད།
         ནུའུ་རི་ཁ་ཆེ་ལྷ་ཁང་ནི་མཱོ་སོ་ནུའུ་རིའི་གྲོང་ཁུལ་རྙིང་པའི་མཚོན་བྱེད་རང་བཞིན་ལྡན་པའི་བཟོ་བཀོད་ཅིག་ཡིན་ལ། དེ་སྤྱི་ལོ་1172ལོར་བཏབ་པ་དང་། 2014ལོར་ཐལ་སྤྱོད་རྩ་འཛུགས་ཀྱི་འགོ་པ་པཱ་ཀི་ཏཱ་ཏི་ཡིས་ནུའུ་རི་ཁ་ཆེ་ལྷ་ཁང་དུ"དབྱི་སི་ལན་རྒྱལ་ཁབ"འཛུགས་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད།
         དབྱི་རག་སྲིད་གཞུང་གི་དམག་ཕྱོགས་ཀྱིས་ཟླ་6ཚེས་18ཉིན་ཕྱོགས་མང་པོ་ནས་མཱོ་སོ་ནུའུ་རིའི་གྲོང་ཁུལ་རྙིང་པར་རྒོལ་འཛུལ་བྱས་པ་དང་། ཟླ་འགའི་རིང་གི་མཱོ་སོ་ནུའུ་རིའི་གྲོང་ཁུལ་ནུབ་མའི་དམག་འཁྲུག་དེའང་དུས་རིམ་མཐའ་མར་སླེབས་ཡོད་པ་རེད།
    【1】  【2】  【3】  【4】  【5】  【6】  【7】  【8】  【9】  【10】
    ༄༅༎དབྱི་རག་གི་དམག་དཔུང་གིས་མཱོ་སོ་ནུའུ་རིའི་ཁ་ཆེ་ལྷ་ཁང་ཕྱིར་བླངས་པ།
      

    ཕྱོགས་བསྡུས་གསར་འགྱུར།