འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་མཚོ་ལྷོ་ཁུལ་གྱིས་དབུལ་སྒྲོལ་འགག་སྒྲོལ་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་ལ་
    སྐུལ་འདེད་བཏང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་30ཉིན། 09:57】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། འདི་ལོ་ཚུན་དུ། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་གྲོང་ཚོ་དབུལ་པོ་35དང་མི་འབོར་དབུལ་པོ་ཁྲི་1དབུལ་སྒྲོལ་བྱ་རྒྱུའི་དམིགས་ཚད་ལ་དམིགས་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཀྲོའུ་གཏོད་པའི་བྱེད་སྒོ་དང་ཟུང་འབྲེལ་དམ་ཟབ་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ཏན་ཏིག་སྤེལ་བ་དང་། མི་རིགས་ཁག་གི་མང་ཚོགས་ཀྱི་དམངས་འཚོའི་གནད་དོན་ཐག་གཅོད་བྱ་རྒྱུ་དེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཀྲོའུ་གཏོད་པའི་བྱེད་སྒོར་སྐུལ་འདེད་གཏོང་གཞི་ནུས་ལྡན་ཞིག་ཏུ་འགྱུར་བ་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་ཚོར་ཆེར་གཏོང་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་ཕན་འབྲས་ལ་ཞིབ་བཤེར་བྱས་པ་རེད།
         ལས་དོན་སྤེལ་རིང་། མཚོ་ལྷོ་ཀྲོའུ་ཡིས་གསར་གཏོད་བྱེད་སྒོ་དེ་དབུལ་སྒྲོལ་འགག་སྒྲོལ་ལས་དོན་གྱི་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི“ཉིན་བརྒྱའི་འགག་སྒྲོལ་”བྱ་སྤྱོད་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ། ཐོན་སྐྱེད་རོགས་སྐྱོར་བྱ་ཡུལ་མི་གྲངས་26063དང་། ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོས་དུད་ཚང་1346གཏན་འཁེལ་བྱས་པ་དང་། ཀྲོའུ་དེ་ཡོངས་ཀྱི“གཞན་སྒྱུར་བཞིའི”བརྟག་ཞིབ་བྱེད་སྒོ་དང་ཟུང་འབྲེལ་གྱིས་ཞིང་འབྲོག་ཁུལ་གྱི་དབུལ་པོར་འགྱུར་ཉེར་ཡོད་པའི་དུད་ཚང་དང་དངུལ་རྩའི་དབུལ་སྐྱོར་གྱི་གྲངས་ཉུང་ཡིད་རྟོན་དངུལ་བུན་ལ་བརྟག་ཞིབ་བྱས་ནས། རྫོང་ཁག་གི་དབུལ་པོར་འགྱུར་ཉེར་ཡོད་པའི་དུད་ཚང་གི་ཁྱབ་ཚུལ་དང་། བསྡུར་ཚད། དུད་གྲངས་དང་མི་གྲངས་ཀྱི་རགས་རྩིས་བཅས་ཁྱོན་ཡོངས་ནས་ཁོང་དུ་ཆུད་པར་བྱས་པ་དང་། ནོར་སྲིད་ཀྱི་ཆེད་དོན་དབུལ་སྐྱོར་མ་དངུལ་ཁག་དང་པོ་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཡོད། ད་བར་ཞིང་ཆེན་ནོར་སྲིད་ཀྱིས་དབུལ་སྐྱོར་མ་དངུལ་སྒོར་དུང་ཕྱུར་2.58སྤྲད་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།