འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།ད་ལོའི་དུས་ཚིགས་དང་པོའི་དུས་མཇུག་ཏུ་བོད་ཀྱི་ཐོན་ལས་དབུལ་སྐྱོར་གྱི་དངུལ་བུན་
    ལྷག་གྲངས་སྒོར་དུང་ཕྱུར་2.5ཟིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་30ཉིན། 09:59】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཀྲུང་དབྱང་རླུང་འཕྲིན་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་ནས་ཤེས་རྟོགས་བྱས་པ་ལྟར་ན། ད་ལོའི་ལོ་སྟོད་དུ་ཀྲུང་གོ་མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་གིས་བོད་རང་སྐྱོང་ལྗོངས་དབུལ་སྒྲོལ་འགག་སྒྲོལ་བཀོད་འདོམས་པུའི་ཐོན་ལས་ཚོགས་ཆུང་དང་མཉམ་དུ་ལྷ་སར“2017ལོའི་ལྗོངས་ཡོངས་ཀྱི་ཐོན་ལས་གནད་སྨིན་དབུལ་སྐྱོར་གྱི་སྐུལ་འདེད་ཚོགས་འདུ”འཚོགས་པ་དང་། མི་དམངས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་དང་། ཀྲུང་གོ་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་། སྦྲག་སྲིད་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་བཅས་ཀྱིས་གྲོང་ཁྱེར་དང་ས་ཁུལ་ཁག་གི་མཚོན་བྱེད་རང་བཞིན་ལྡན་པའི་དབུལ་སྐྱོར་སྣེ་འདྲེན་ཁེ་ལས་སོགས་དངུལ་བུན་ཁག་ཐེག་བྱེད་པོའི་དབར་དངུལ་རྩའི་གནད་སྨིན་དབུལ་སྐྱོར་གྱི་ཐོན་ལས་དངུལ་བུན་ལྷུག་གཏོང་གི་གྲོས་མཐུན་བཞག་པར་གན་རྒྱའི་དངུལ་འབོར་སྒོར་དུང་ཕྱུར་24.46ཟིན་ཡོད།
         མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་གིས་ད་ལོའི་དངུལ་རྩས་ཐོན་ལས་དབུལ་སྐྱོར་གོང་འཕེལ་ཡོང་བར་སྐུལ་སྤེལ་གཏོང་བའི་དུས་བབ་གསར་པ་དང་གནས་ཚུལ་གསར་པ་གཞིར་བཟུང་《ཐོན་ལས་དབུལ་སྐྱོར་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་ནས་དངུལ་བུན་གྱི་མ་དངུལ་དོ་དམ་གསར་སྤེལ་བྱ་རྒྱུའི་སྐོར་གྱི་ཀྲུང་གོ་མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་གི་བསམ་འཆར་》ཞིབ་འཇུག་བྱས་ནས་བཟོས་ཤིང་། དབུལ་སྐྱོར་ཐོན་ལས་ཀྱི་དངུལ་བུན་གཏོང་ཡུལ་དང་། སྤྱོད་སྒོ གྲངས་འབོར། དུས་ཡུན། སྐྱེད་ཀ དངུལ་རྩའི་གསར་གཏོད། དེ་བཞིན་ཉེན་ཁའི་ཁ་གསབ་སོགས་ཀྱི་རྒྱུ་ཆ་སྔར་བས་གསལ་པོ་བཟོས་ཏེ་ད་ཆ་དངོས་སུ་ཡིག་ཆ་བཏོན་པ་རེད།
         གཞི་གྲངས་ཀྱི་ཐོག་ནས་ད་ལོའི་དུས་ཚིགས་དང་པོའི་དུས་མཇུག་ཏུ་བོད་ལྗོངས་ཐོན་ལས་དབུལ་སྐྱོར་གྱི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་2.5ཟིན་པ་དང་། དུས་ཚིགས་གཉིས་པ་ནས་ཟླ་6ཚེས་20ཉིན་བར་ལྗོངས་ཡོངས་སུ་དངུལ་རྩའི་འབྲེལ་མཐུད་དབུལ་སྐྱོར་ཐོན་ལས་རྣམ་གྲངས་1428ལེགས་སྒྲུབ་བྱས་པ་དང་། དངུལ་བུན་རྣམ་གྲངས་278ལག་བསྟར་བྱས་པར་སྔོན་དཔག་བྱས་ན་སྒོར་དུང་ཕྱུར་20.14གཏོང་རྒྱུ་ཡིན་པའི་ནང་རྣམ་གྲངས་42ལ་དངུལ་བུན་བཏང་ནས་སྒོར་དུང་ཕྱུར་1.95ཟིན་ཡོད། གཞན་ཡང་། མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་གིས“ཕན་བདེ་ཚོང་ཁང་དང་། ཞིང་ཕན་གཱ གློག་རྡུལ་ཐབས་ལམ”བཅས་ཟུང་དུ་འབྲེལ་བའི་སྣ་མང་ཅན་གྱི“ཞིང་གསུམ”དངུལ་རྩའི་ཞབས་ཞུ་བྱེད་སྟངས་ལ་བརྟེན་ནས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ལ“གྲོང་ཚོ་ནས་ཐོན་མི་དགོས་པར”དེང་རབས་དངུལ་རྩའི་ཞབས་ཞུ་ལོངས་སུ་སྤྱོད་ཐུབ་པར་བྱས་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།