འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅༎"2017ལོའི་བུད་མེད་ཀྱི་སྤྱི་ཕན་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་རྒྱལ་སྤྱིའི་གླེང་སྟེགས"
    མཉམ་འབྲེལ་རྒྱལ་ཚོགས་སུ་གཉེར་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་23ཉིན། 10:18】   (རྩོམ་སྒྲིག་འགན་འཁུར་པ། ཀླུ་སྒྲོན།)

     
         མི་དམངས་དྲ་བའི་འཕྲིན། ཚེས་19ཉིན་གྲོང་ཁྱེར་ཉིའུ་གཡོད་ཀྱི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་རུ"2017ལོའི་བུད་མེད་ཀྱི་སྤྱི་ཕན་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་རྒྱལ་སྤྱིའི་གླེང་སྟེགས"གཉེར་བ་རེད། ཚོགས་ཞུགས་མི་སྣས་བུད་མེད་ཀྱི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་འབྲེལ་ཡོད་གཏམ་གླེང་ལ་གྲོས་བསྡུར་བྱས་ཡོད། ཨ་རིའི་ཕྱི་ཁོངས་ཀྲུང་གོ་བའི་རྒྱུད་པ་བུད་མེད་ཁེ་ལས་མཁས་ཅན་ཡེ་ཅན་དབྱིང་གིས་གླེང་སྟེགས་ཐོག"རྒྱུད་གཅིག་ལམ་གཅིག"ལམ་རྒྱུད་ཀྱི་འཕེལ་རྒྱས་འགྲོ་འགོར་བའི་རྒྱལ་ཁབ་ཀྱི་བུད་མེད་དབུལ་ཕོངས་ཀྱི་གནས་ལས་སྒྲོལ་རོགས་བྱ་རྒྱུའི་ཐད་བྱ་སྤྱོད་འཆར་གཞི་བཏོན་ཡོད།
         ཉིན་དེའི་གླེང་སྟེགས་ཐོག་ཨ་རིའི་མ་ལམ་གསར་པའི་མྱུར་སྐྱེལ་ཀུང་སིའི་སྤྱི་ཁྱབ་ཙུང་ཚའེ་ཡེ་ཅན་དབྱིང་གིས་ཀུང་སི་དེས་དངོས་ཟོག་དང་དེ་བཞིན་གློག་རྡུལ་ཚོང་དོན་ཐད་བསགས་པའི་ཐོན་ཁུངས་སྣ་ཚོགས་ལ་བརྟེན་ནས་བུད་མེད་ཀྱི་དྲ་ཐོག་ཚོང་ལས་མནའ་འབྲེལ་དང་བུད་མེད་རང་སྐྱོབ་ལྷན་ཚོགས་སོགས་འཛུགས་པའི་རྣམ་པ་བརྒྱུད། "རྒྱུད་གཅིག་ལམ་གཅིག"གི་ལམ་རྒྱུད་རྒྱལ་ཁབ་ཀྱི་བུད་མེད་དེ་བས་མང་བ་ལས་ཆོད་དམའ་བའི་ཐོན་སྐྱེད་ངལ་རྩོལ་ཁྲོད་ནས་བསྐྱབས་ཏེ་དཔལ་འབྱོར་རང་དབང་དང་རང་རྐྱ་འཕེར་བ་བྱས་ནས"རྒྱུད་གཅིག་ལམ་གཅིག"འཛུགས་རྒྱུར་ཆེས་དངོས་ཡོད་ཀྱི་རྒྱབ་སྐྱོར་མཁོ་འདོན་བྱེད་དགོས་ཅེས་བཤད།
         ཡེ་ཅན་དབྱིང་གིས"རྒྱུད་གཅིག་ལམ་གཅིག"གི་ལམ་རྒྱུད་རྒྱལ་ཁབ་ལ་ཆེད་མངགས་བཙུགས་པའི་རིགས་ཁག་གི་ལས་སྟེགས་དང་ལྷག་པར་དུ་དྲ་ཐོག་ཚོང་དོན་ཕྱིར་འཚོང་ལས་སྟེགས་བརྒྱུད། རྒྱལ་ཁབ་ཁག་དང་ལྷག་དོན་དུ"རྒྱུད་གཅིག་ལམ་གཅིག"གི་ལམ་རྒྱུད་རྒྱལ་ཁབ་ཀྱི་བུད་མེད་སྐུལ་སློང་བྱས་ཏེ་དྲ་ཐོག་ཚོང་ལས་ཀྱི་ཁྱབ་ཁོངས་ནང་ཞུགས་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཕོ་མོ་འདྲ་མཉམ་སོགས་འཕེལ་རྒྱས་དམིགས་ཚད་སྔ་ཙམ་མངོན་འགྱུར་བྱ་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་ཞེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།