འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱིས་འབྲས་ཞིང་ནང་ཕྱོགས་བསྡུས་ཐོག་ཉ་གསོ་བའི"རྒྱལ་ཁབ་ཀྱི་ཚད་གཞིའི་ཁུལ"
    100བསྐྲུན་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་23ཉིན། 10:13】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། འདི་ལོ་ནས་བཟུང་། ཞིང་ལས་པུས་ལོ་གསུམ་གྱི་དུས་ཚོད་སྤྱད་ནས་རྒྱལ་ཁབ་རིམ་པའི་འབྲས་ཞིང་ནང་ཉ་གསོ་བའི་ཕྱོགས་བསྡུས་དཔེ་སྟོན་ཁུལ་100བསྐྲུན་ནས་རྒྱལ་ཡོངས་ཀྱི་འབྲས་ཞིང་ནང་ཕྱོགས་བསྡུས་ཐོག་ཉ་གསོ་བའི་གཞི་ཁྱོན་མུའུ་ཁྲི་3000ཡན་ཟིན་པའི་བརྩོན་ལེན་བྱ་རྒྱུ་ཡིན་པ་རེད།
          འདི་ནི་གསར་འགོད་པར་ཚེས་20ཉིན་ཧུའུ་པེ་ཞིང་ཆེན་ཆན་ཅང་གྲོང་ཁྱེར་དུ་འཚོགས་པའི་རྒྱལ་ཡོངས་ཀྱི་འབྲས་ཞིང་ནང་ཕྱོགས་བསྡུས་ཐོག་ཉ་གསོ་བའི་ས་གནས་ས་ཐོག་གི་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བ་ཞིག་རེད།
          ཤེས་རྟོགས་བྱུང་བར་གཞིགས་ན། འབྲས་ཞིང་ནང་ཕྱོགས་བསྡུས་ཐོག་ཉ་གསོ་བ་དེ་ནུས་ཆེ་དང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་ལག་རྩལ་གསར་པ་ཞིག་ལ་བརྩིས་ཏེ་རང་རྒྱལ་དུ་ལོ་བཅུ་ཁྱབ་གདལ་བཏང་ཟིན་ནས་ས་གནས་ཁག་གིས་རྒྱ་ཁྱབ་ངང་དང་ལེན་བྱེད་བཞིན་ཡོད་པ་དང་ལག་རྩལ་དེ་རིགས་སྤྱད་པ་ལས་འབྲས་ཞིང་གི་ཕན་འབྲས་ཆེ་རུ་ཕྱིན་ཡོད། ཧུའུ་པེ་ཞིང་ལས་སྡེ་ཚན་གྱི་ས་གནས་དངོས་ཀྱི་ཐོན་འབོར་ཚོད་རྩིས་དང་ཞིབ་བཤེར་རྩིས་ལེན་ལས་མངོན་པར་གཞིགས་ན། འབྲས་ཞིང་ནང་ཉ་ཕྱོགས་བསྡུས་ཐོག་གསོ་བའི་ཕན་འབྲས་ནི་འབྲས་ཞིང་རྐྱང་མའི་ཕན་འབྲས་ཀྱི་ལྡབ་3ནས་ལྡབ་10བར་ཡིན་པ་མངོན་ཡོད།
         མིག་སྔར་ཞིང་ལས་པུས་འབྲེལ་ཡོད་ལས་དོན་སྤེལ་འགོ་ཚུགས་པ་དང་སྦྲགས་འབྲེལ་ཡོད་ཚད་གཞིའང་ཁྱབ་བསྒྲགས་བྱས་ནས་དཔེ་སྟོན་ཁུལ་གྱི་ཉེ་འཁོར་དུ་བཟོ་ལས་ཀྱི་སྦགས་བཙོག་འབྱུང་ཁུངས་མེད་པ་དང་། ཉེ་བའི་ལོ་ལྔའི་ནང་སྦགས་བཙོག་གི་དོན་རྐྱེན་ཚབས་ཆེན་ནམ་ཡང་ན་སྣོད་བཅུད་ཁོར་ཡུག་གཏོར་བཤིག་གི་དོན་རྐྱེན་ཐོན་མེད་པ། ཉེ་བའི་ལོ་གསུམ་ནང་ཆུ་འབྲས་དང་ཆུའི་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་དོན་རྐྱེན་ཚབས་ཆེན་ཐོན་མེད་པ། ཉ་གསོ་ཁུལ་གྱི་ཞིང་སའི་ཁོར་ཡུག་སྤྲུས་ཚད་རིམ་པ་གཉིས་ཡན་དང་ཆུའི་སྤུས་ཚད་རིམ་པ་གསུམ་ཡན་གྱི་ཚད་གཞིར་སླེབས་དགོས་པ་བཅས་ཀྱི་བླང་བྱ་བཏོན་པ་རེད།
          རྒྱལ་ཡོངས་ཆུའི་ཐོན་རྫས་ལག་རྩལ་ཁྱབ་གདལ་སྤྱི་ཁྱབ་ས་ཚིགས་ཀྱི་འགན་ཁུར་བས། མིག་སྔའི་བར་རྒྱལ་ཡོངས་ཀྱི་ཞིང་ཆེན་10ལྷག་ཙམ་ལ་ལྟེ་བའི་དཔེ་སྟོན་ཁུལ་མུའུ་ཁྲི་100ལྷག་ཙམ་བསྐྲུན་ཟིན་པ་དང་མུའུ་ཁྲི་1000ལྷག་ཙམ་སྣེ་ཁྲིད་ཐུབ་ནས་འབྲས་ཞིང་ནང་སྡིག་སྲིན་གསོ་བ་དང་། འབྲས་ཞིང་ནང་ཤཱ་གསོ་བ། འབྲས་ཞིང་ནང་རུས་སྦལ་གསོ་བ་སོགས་རིགས་ཆེ་ཁག་ལྔའི་དཔེ་མཚོན་གསོ་ཚགས་རྣམ་པ་ཁག་19ཆགས་པ་དང་དེ་བཞིན་འགག་རྩའི་ལག་རྩལ་20ལྷག་ཙམ་ཁོང་དུ་ཆུད་ཐུབ་པ་བྱུང་ཡོད། ཐོན་ཁུངས་ཀྱི་ཆ་རྐྱེན་ནས་བལྟས་ཚེ་རང་རྒྱལ་དུ་ཕྱོགས་བསྡུས་གསོ་ཚགས་ཀྱི་གཙང་ཡུར་མཉམ་བསྲེས་ཀྱི་འབྲས་ཞིང་དང་དགུན་དལ་གྱི་འབྲས་ཞིང་རྒྱ་ཁྱོན་མུའུ་དུང་ཕྱུར་1ཙམ་འཕེལ་རྒྱས་གཏོང་རྒྱུར་འཚམ་པོ་ཡོད་པ་མ་ཟད། སླད་ཕྱིན་འཕེལ་རྒྱས་ཀྱི་མདུན་ལམ་བཟང་པོ་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།