འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།གཞི་ཁྱོན་ཆེ་བའི་གྲོ་ས་ཁོངས་སྒྲོལ་ནས་བརྔ་བསྡུ་བྱེད་མཇུག་འགྲིལ་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་23ཉིན། 10:15】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་18ཉིན་བར། རྒྱལ་ཡོངས་ཀྱི་གྲོ་མུའུ་དུང་ཕྱུར་3.17ལ་ཐོན་འབབ་བྱུང་བ་དང་བརྔ་བསྡུ་བྱེད་ཚད་བཅུ་ཆ་དགུ་ལས་བརྒལ་ནས་རྒྱལ་ཡོངས་ཀྱི་གཞི་ཁྱོན་ཆེ་བའི་གྲོ་ས་ཁོངས་ལས་སྒྲོལ་ཏེ་གཞི་རྩའི་ཆ་ནས་འཕྲུལ་བསྡུ་བྱེད་མཇུག་འགྲིལ་བ་དེ་ལོ་གོང་མའི་དུས་མཚུངས་ལས་ཉིན་1གི་སྔ་བ་ཡོད་པ་རེད། འཕྲུལ་བསྡུ་བྱེད་ཚད་95%ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་བརྒྱ་ཆའི་གྲངས་2ཀྱིས་མཐོ་བ་ཡོད་པས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད་པ་རེད། འཕྲུལ་ཆས་ཅན་གྱི་གྲོ་བརྔ་བསྡུ་དང་། སོག་མ་ཐག་གཅོད། མ་རྨོས་ལོ་ཏོག་རིན་མེད་རྨོ་འདེབས་ཀྱི“ལུ་གུ་བརྒྱུད་འབྲེལ”གྱི་ལས་དོན་སོགས་ལྗང་མདོག་ཕན་ཆེའི་ཐོན་སྐྱེད་བྱེད་སྟངས་རྒྱ་ཁྱབ་ངང་ཁྱབ་གདལ་བཏང་ཡོད་པ་རེད།
          ལོ་གཅིག་དུས་གཅིག་གི“དབྱར་ཟླ་གསུམ་པའི”གྲོ་ས་ཁོངས་སྒྲོལ་ནས་འཕྲུལ་བསྡུ་བྱེད་པའི་ལས་དོན་དེ་ཟླ་5ཚེས་26ཉིན་ནས་སྤེལ་འགོ་བཙུགས་ཚུན། ལྷོ་ནས་བྱང་ལ་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་མགྱོགས་པོ་བཏང་སྟེ། ཧུའུ་པེ་དང་། ཧོ་ནན། ཨན་ཧུའེ། ཅང་སུའུ། ཧྲན་ཏུང་། ཧོ་པེ་སོགས་དགུན་གྲོ་ཐོན་ཁུལ་གཙོ་བོ་ཁག་ཏུ་སྔ་རྗེས་སུ་གྲོ་བརྔ་བསྡུ་བྱེད་མཇུག་འགྲིལ་བ་དང་། ཨན་ཧུའེ་དང་། ཧྲན་ཏུང་། ཧོ་པེ་སོགས་ཞིང་ཆེན་གྱི་སོག་ཞིང་ནང་འཕྲུལ་ཆས་ཅན་དུ་འགྱུར་ཚད་85%ལྷག་ཙམ་ཟིན་ཡོད་པ་རེད།
           “དབྱར་ཟླ་གསུམ་པའི་”རིང་ལས་གྲུབ་ལས་ཕྱོད་ཆེ་རུ་ཕྱིན་པ་ནི་འདི་ལོའི་དབྱར་བསྡུའི་མངོན་གསལ་དོད་པའི་བཀྲག་མདངས་འཚེར་ས་ཞིག་རེད། ས་ཁུལ་ཁག་གིས་ཆ་འཕྲིན་ཅན་གྱི་བྱེད་ཐབས་དང་དེ་བཞིན་ལག་ཐོགས་ཁ་པར་གྱི་appཡོངས་བསྒྲགས་ལས་སྒྲུབ་ཆ་འཕྲིན་སྤྱོད་རྒྱུར་མཐོང་ཆེན་བྱས་ཏེ། ལག་ཐོགས་ཁ་པར་བརྒྱུད་ལས་ཀ་འཚོལ་རོགས་བྱེད་པ་དང་ཞིང་པར་འཕྲུལ་ཆས་བེད་སྤྱོད་བྱེད་སྟངས་འཚོལ་རོགས་བྱེད་ཀྱི་ཡོད། ས་ཁུལ་ཁག་གིས་ལག་ཐོགས་ཁ་པར་ལ་བརྟེན་ནས་རྒྱལ་ཡོངས་ཀྱི་ཞིང་འཕྲུལ་ཐད་གཏོང་ཆ་འཕྲིན་ལས་སྟེགས་བརྒྱུད་ལས་སྒྲུབ་ཞབས་ཞུའི་དམིགས་ཡུལ་མུའུ་དུང་ཕྱུར་1.3ཡོངས་བསྒྲགས་བྱས་པ། “དབྱར་ཟླ་གསུམ་པའི”རིང་རྒྱལ་ཡོངས་ཀྱི་ས་ཁུལ་ཁག་ཏུ་ཁྱོན་བསྡོམས་མཉམ་འབྲེལ་བརྔ་བསྡུའི་འཕྲུལ་ཆས་ཁྲི་62གིས་གྲོ་བརྔ་བསྡུའི་འཐབ་ཕྱོགས་དང་པོར་ལས་སྒྲུབ་བྱས་པ་དེ་དག་གིས་ཁྱོན་ཉིན་14ཡི་ནང་ཉིན་རེར་འཕྲུལ་བསྡུ་བྱེད་རྒྱ་མུའུ་ཁྲི་ཆིག་སྟོང་ལྷག་ཙམ་ཟིན་པ་དང་། ཡ་ཚེས་ལ་འཕྲུལ་བསྡུ་བྱེད་ཚད་མུའུ་ཁྲི་2000ལྷག་ཙམ་ཟིན་ཡོད།
          ས་ཁུལ་ཁག་ཏུ་གྲོ་བརྔ་བསྡུ་བྱེད་མཇུག་འགྲིལ་བ་དང་ཆབས་ཅིག འབྲེལ་ཡོད་འཕྲུལ་ཆས་དང་མི་སྣ་སྒྲིག་འཛུགས་བྱས་ཏེ་དབྱར་འདེབས་ནང་གང་མགྱོགས་ཞུགས་ཤིང་། མིག་སྔར་རྒྱལ་ཡོངས་ཀྱི་དབྱར་ཁའི་མ་རྨོས་ལོ་ཏོག་འདེབས་ཁྱོན་མུའུ་དུང་ཕྱུར་1.5ལྷག་ཙམ་ཟིན་པ་དང་། ཨན་ཧུའེ་དང་། ཧོ་ནན། ཧྲན་ཏུང་། ཧོ་པེ་སོགས་ཞིང་ཆེན་གྱི་མ་རྨོས་ལོ་ཏོག་འཕྲུལ་འདེབས་བྱེད་ཚད་95%ཡན་ཟིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།