འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅༎《ཀྲུང་གོ་དང་ཨུ་རུ་སུའི་ཁྱིམ་མཚེས་རྒྱལ་ཁབ་དབར་གྱི་མཛའ་གྲོགས་འབྲེལ་བའི་མཉམ་ལས་
    ཆིངས་ཡིག་》བཞག་ནས་ལོ་16འཁོར་བར་དྲན་གསོ་ཞུས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་23ཉིན། 10:14】   (རྩོམ་སྒྲིག་འགན་འཁུར་པ། ཀླུ་སྒྲོན།)

     
         མི་དམངས་དྲ་བའི་འཕྲིན། ཚེས་19ཉིན་ཨུ་རུ་སུ་དང་ཀྲུང་གོའི་མཛའ་གྲོགས་མཐུན་ཚོགས་ཀྱིས་ཨུ་རུ་སུའི་ཚན་རིག་ཁང་རྒྱང་ཤར་ཞིབ་འཇུག་སུའོ་ཡི"ཀྲུང་གོའི་ཚོམས་ཆེན"དུ་《ཀྲུང་གོ་དང་ཨུ་རུ་སུའི་ཁྱིམ་མཚེས་རྒྱལ་ཁབ་དབར་གྱི་མཛའ་གྲོགས་འབྲེལ་བའི་མཉམ་ལས་ཆིངས་ཡིག་》(གཤམ་དུ་《ཆིངས་ཡིག་》ཅེས་བསྡུ་རྒྱུ)བཞག་ནས་ལོ་16འཁོར་བར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུ་འཚོགས་པ་དང་ཀྲུང་གོ་དང་ཨུ་རུ་སུའི་ཚོགས་ཞུགས་འཐུས་མིས་བཞུགས་མོལ་ཚོགས་འདུའི་ཐོག་ཀྲུང་གོ་དང་ཨུ་རུ་སུ་ཕྱོགས་གཉིས་པོས་《ཆིངས་ཡིག་》གི་དགོངས་དོན་རྒྱུན་འཛིན་བྱས་ཏེ་ཐུན་མོང་ཐོག་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་འབྱུང་འགྱུར་དེ་བས་མཛེས་སྡུག་ལྡན་པ་ཞིག་ཡོང་བ་བྱེད་དགོས་ཞེས་གསུངས་པ་རེད།
         ཨུ་རུ་སུའི་ཀྲུང་གོ་མཛའ་གྲོགས་མཐུན་ཚོགས་ཀྱི་ཀྲུའུ་ཞི་མེ་ཅིང་ཚའེ་ཕུའུ་དང་། ཨུ་རུ་སུར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ལི་ཧུའེ། ཨུ་རུ་སུའི་ཚན་རིག་ཁང་རྒྱང་ཤར་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་ལུའུ་ཅ་ཉིང་དང་ཨུ་རུ་སུའི་ལས་རིགས་ཁག་གི་མཛའ་གྲོགས་མི་སྣ་80ལྷག་ཙམ་བཞུགས་མོལ་ཚོགས་འདུར་བཞུགས་ཡོད་པ་རེད།
         མེ་ཅིང་ཚའེ་ཕུའུ་ཡིས་ཤིས་ཚིག་སྒྲོན་སྐབས་《ཆིངས་ཡིག་》བཞག་པ་ནི་ཨུ་ཀྲུང་འབྲེལ་བའི་འཕེལ་རྒྱས་ལོ་རྒྱུས་ཐོག་གི་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་པའི་དོན་ཆེན་ཞིག་ཡིན་ཞིང་། དེས་ཨུ་ཀྲུང་གིས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་ཤུགས་ཆེན་དང་། དངོས་སྒྲུབ་མཉམ་ལས་རྒྱ་ཆེ། འཐབ་ཇུས་མཉམ་ལས་གཏིང་ཟབ་བཅས་བྱེད་པ་མཚོན་པ་དང་དུས་རབས་གསར་པར་རྒྱལ་ཁབ་གཉིས་པོའི་འབྲེལ་བ་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་མཛུབ་ཁྲིད་བྱེད་པའི་རྩ་འཛིན་རང་བཞིན་གྱི་ཡིག་ཆ་ཞིག་རེད། 《ཆིངས་ཡིག་》གིས་ཨུ་ཀྲུང་འབྲེལ་བ་མུ་མཐུད་འཕེལ་རྒྱས་གཏིང་ཟབ་འགྲོ་བར་སྐུལ་འདེད་ཀྱི་ནུས་པ་གལ་ཆེན་ཐོན་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་མཛའ་གྲོགས་སྲ་བརྟན་ཡོང་བར་ལེགས་སྐྱེས་འབུལ་ཐུབ་པའི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།
         ལི་ཧུའེ་ཡིས་ཤིས་ཚིག་སྒྲོན་སྐབས་ཀྲུང་ཨུས་《ཀྲུང་གོ་དང་ཨུ་རུ་སུའི་ཁྱིམ་མཚེས་རྒྱལ་ཁབ་དབར་གྱི་མཛའ་གྲོགས་མཉམ་ལས་ཆིངས་ཡིག་》བཞག་པ་དེས་རྒྱལ་ཁབ་གཉིས་པོ་མནའ་འབྲེལ་མི་བྱེད་པ་དང་། ཁ་གཏད་དུ་མི་ལངས་པ། ཕུང་གསུམ་པར་དམིགས་པ་མིན་པ་བཅས་ཀྱི་རྒྱལ་ཁབ་ཀྱི་འབྲེལ་བ་གསར་པ་དང་མི་རབས་ནས་མི་རབས་མཛའ་གྲོགས་ཀྱི་འདུ་ཤེས་བཅའ་ཁྲིམས་ཀྱི་རྣམ་པའི་ཐོག་ནས་གཏན་འཇགས་ཡོང་བ་བྱས་ཏེ་དུས་རབས་21པར་རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཕུགས་ལ་འཕེལ་རྒྱས་ཡུན་རིང་གཏོང་བར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད་ཅེས་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།