འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།ཨ་རིའི་དམག་དཔུང་གིས་མཐར་སྐྲོད་དམག་གྲུ་དང་ཟོག་འདྲེན་གྲུ་གཟིངས་གཉིས་རྡུང་ཁ་
    ཐེབས་པའི་དོན་རྐྱེན་ཁྲོད་གར་སོང་ཆ་མེད་དུ་གྱུར་པའི་བེམ་རོ་རྙེད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་19ཉིན། 13:38】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཨ་རིའི་དམག་དཔུང་གིས་མཐར་སྐྲོད་དམག་གྲུ་དང་ཟོག་འདྲེན་གྲུ་གཟིངས་གཉིས་རྡུང་ཁ་
ཐེབས་པའི་དོན་རྐྱེན་ཁྲོད་གར་སོང་ཆ་མེད་དུ་གྱུར་པའི་བེམ་རོ་རྙེད་པ།
          མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་18ཉིན། ཉི་ཧོང་རྒྱང་སྒྲོག་མཐུན་ཚོགས་ཀྱིས་ཨ་རིའི་མཚོ་དམག་གི་གསལ་བསྒྲགས་ཤིག་ཏུ་བརྗོད་དོན་དྲངས་ཏེ། ཨ་རིའི་མཚོ་དམག་གི་མཐར་སྐྲོད་དམག་གྲུ"ཧྥེ་ཚི་ཅེ་ལཱ་ཏེ"རྟགས་ཅན་ཉི་ཧོང་རྒྱལ་ཁབ་ཉེ་འཁོར་གྱི་མཚོ་ཁོངས་ཤིག་ཏུ་ཧྥི་ལི་ཕིན་རྒྱལ་གཏོགས་ཀྱི་ཟོག་འདྲེན་གྲུ་གཟིངས་ཤིག་དང་རྡུང་ཁ་ཐེབས་རྗེས། ཨ་རིའི་དམག་དཔུང་གི་ཆུ་འཛུལ་མི་སྣས་དམག་གྲུ་རྡུང་ཁ་རྒྱག་ཁུལ་གྱི་མཚོ་ཁོངས་སུ་བེམ་རོ་ཁ་ཤས་རྙེད་པ་རེད་ཅེས་བཀོད་ཡོད་པ་རེད།
           ཨ་རིའི་མཚོ་དམག་གིས་རྙེད་པའི་བེམ་རོ་དེ་དག་ནི་ཉི་ཧོང་རྒྱལ་ཁབ་ཀྱི་ཧེང་ཞུས་ཧོ་རུ་ཡོད་པའི་ཨ་རིའི་དམག་དཔུང་གི་སྨན་ཁང་དུ་བསྐྱལ་ནས་ཐོབ་ཐང་གསལ་ཁ་འབྱེད་བཞིན་ཡོད་ཅེས་བརྗོད་པ་རེད།
         ས་གནས་དེ་གའི་སྨྱན་སྦྱོར་དུ་དེ་སྔོན་སྤེལ་བའི་གནས་འཕྲིན་ལ་གཞིགས་ན། ཨ་རིའི་དམག་དཔུང་གིས་དོན་རྐྱེན་འདིའི་ཁྲོད་དུ་གར་སོང་ཆ་མེད་དུ་གྱུར་པའི"ཧྥེ་ཚི་ཅེ་ལཱ་ཏེ"རྟགས་ཅན་གྱི་གྲུ་པ་བདུན་གྱི་བེམ་རོ་རྙེད་པ་རེད། ཨ་རིའི་མཚོ་དམག་གིས་གསལ་བསྒྲགས་འདིའི་ནང་རྐྱེན་ལམ་དུ་ཤོར་བའི་བེམ་རོའི་གྲངས་ཀ་གསལ་པོ་ཞིག་བཀོད་མེད་པ་རེད།
          ས་གནས་དེ་གའི་དུས་ཚོད་ཚེས་17ཉིན་གྱི་ཆུ་ཚོད་01:30ཡས་མས་སུ། བཞུགས་གནས་ཧེང་ཞུས་ཧོ་གྲུ་ཁར་ལོག་པའི་མཐར་སྐྲོད་དམག་གྲུ"ཧྥེ་ཚི་ཅེ་ལཱ་ཏེ"རྟགས་ཅན་དང་ཧྥི་ལི་ཕིན་རྒྱལ་གཏོགས་ཀྱི་ཟོག་འདྲེན་གྲུ་གཟིངས་གཉིས་རྡུང་ཁ་བརྒྱབ་པ་དང་། དོན་རྐྱེན་ལས"ཧྥེ་ཚི་ཅེ་ལཱ་ཏེ"རྟགས་ཅན་གྲུ་གཟིངས་ཀྱི་གཡས་ངོས་ལ་སྐྱོན་ཚབས་ཆེན་ཤོར་ཡོད་ལ། གྲུའི་ནང་གི་གནས་ཁ་ཤས་སུ་ཆུ་སིམས་ཡོད་པ་རེད། གྲུ་པ་7གར་སོང་ཆ་མེད་དུ་གྱུར་པ་མ་ཟད། དམག་གྲུའི་འགན་འཛིན་པ་ཚུད་པའི་མི་3ལ་རྨས་ཕོག་ཡོད་པ་རེད། ཧྥི་ལི་ཕིན་གྱི་ཟོག་འདྲེན་གྲུ་གཟིངས་ཕྱོགས་ནས་ཤི་རྨས་སྙན་ཞུ་འབྱོར་མེད་པ་རེད། ད་ལྟ། ཉི་ཧོང་དང་ཨ་རི་ཕྱོགས་གཉིས་ཀས་ལས་འཛོལ་འབྱུང་རྐྱེན་ལ་རྟོག་ཞིབ་གཏིང་ཟབ་བྱེད་བཞིན་ཡོད་པ་རེད།
           མཐར་སྐྲོད་དམག་གྲུ"ཧྥེ་ཚི་ཅེ་ལཱ་ཏེ"རྟགས་ཅན་གྱི་རིང་ཚད་ལ་སྨི154ཡོད་ལ། ཆུ་གཤོང་ཚད་ཏུན་8000ཡིན་པ་རེད། རྡུང་ཁ་རྒྱབ་པའི་ཧྥི་ལི་ཕིན་གྱི་ཟོག་འདྲེན་གྲུ་གཟིངས་ཀྱི་རིང་ཚད་ལ་སྨི་222.6ཡོད་ཅིང་། ཆུ་གཤོང་ཚད་ནི་ཏུན་ཁྲི་2.9ཡིན་པ་རེད།
    ༄༅།།ཨ་རིའི་དམག་དཔུང་གིས་མཐར་སྐྲོད་དམག་གྲུ་དང་ཟོག་འདྲེན་གྲུ་གཟིངས་གཉིས་རྡུང་ཁ་
ཐེབས་པའི་དོན་རྐྱེན་ཁྲོད་གར་སོང་ཆ་མེད་དུ་གྱུར་པའི་བེམ་རོ་རྙེད་པ།
    ༄༅།།ཨ་རིའི་དམག་དཔུང་གིས་མཐར་སྐྲོད་དམག་གྲུ་དང་ཟོག་འདྲེན་གྲུ་གཟིངས་གཉིས་རྡུང་ཁ་
ཐེབས་པའི་དོན་རྐྱེན་ཁྲོད་གར་སོང་ཆ་མེད་དུ་གྱུར་པའི་བེམ་རོ་རྙེད་པ།
    ༄༅།།ཨ་རིའི་དམག་དཔུང་གིས་མཐར་སྐྲོད་དམག་གྲུ་དང་ཟོག་འདྲེན་གྲུ་གཟིངས་གཉིས་རྡུང་ཁ་
ཐེབས་པའི་དོན་རྐྱེན་ཁྲོད་གར་སོང་ཆ་མེད་དུ་གྱུར་པའི་བེམ་རོ་རྙེད་པ།
      

    ཕྱོགས་བསྡུས་གསར་འགྱུར།