འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།ཧྲང་ཧའེ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་སྐབས་20པ་སྤེལ་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་19ཉིན། 10:49】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཧྲང་ཧའེ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་སྐབས་20པ་སྤེལ་འགོ་ཚུགས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་17ཉིན། 2017ལོའི་ཧྲང་ཧའེ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་ཧྲང་ཧའེ་གྲོང་ཁྱེར་གྱི་ཟློས་གར་ཁང་ཆེ་མོར་ས་གདན་དམར་པོ་བཏིང་སྟེ་འགོ་ཚུགས་མཛད་སྒོ་སྤེལ་བ་རེད།
          དགུང་ལོ་དགུ་བཅུ་རུ་སོན་པའི་གློག་བརྙན་སྒྱུ་རྩལ་པ་ཝང་ཏཱན་ཧྥེང་(王丹凤)ལ་ཧྲང་ཧའེ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་རྒྱ་སྐད་གློག་བརྙན་གྱི་ཚེ་གང་གྲུབ་འབྲས་གཟེངས་རྟགས་ཕུལ་བ་རེད།
          ཧྲང་ཧའེ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་ནི་1993ལོ་ནས་བཟུང་སྤེལ་འགོ་ཚུགས་ཡོད་ལ། འདི་ནི་ཀྲུང་གོ་རྒྱལ་ཁབ་ཀྱི་རྒྱལ་སྤྱིའི་Aརིགས་ཀྱི་གློག་བརྙན་དུས་ཆེན་ཞིག་ཡིན་པ་རེད། ལོ་ངོ་20རིང་གི་ལོ་རྒྱུས་ཀྱི་མྱོང་རིམ་ལས། ཧྲང་ཧའེ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་ནི་ཨེ་ཤེ་ཡའི་རྣམ་པ་དང་ཚོང་རྟགས་ཀྱི་ཤུགས་རྐྱེན་ཆེས་ཆེ་བའི་རྒྱལ་སྤྱིའི་གློག་བརྙན་བྱེད་སྒོ་ཞིག་ཏུ་གྱུར་ཡོད་པ་རེད།
          ཤེས་རྟོགས་བྱུང་གསལ་དུ། སྐབས་འདིའི་ཧྲང་ཧའེ་རྒྱལ་སྤྱིའི་གློག་བརྙན་བརྙན་འཕྲིན་དུས་ཆེན་དུ་ཁྱོན་བསྡོམས་རྒྱལ་ཁབ་དང་ས་ཁུལ་106གི་ཐོ་འགོད་གློག་བརྙན་2528འབྱོར་ཡོད་པས། ཡང་བསྐྱར་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཟོས་ཡོད་པ་རེད། 
          གློག་བརྙན་དུས་ཆེན་རིང་། རྒྱལ་ཁབ་ཕྱི་ནང་གི་གློག་བརྙན་བཟང་གྲས་500ལྷག་ཧྲང་ཧའེ་གྲོང་ཁྱེར་གྱི་གྲོང་ཁུལ་16གི་གློག་བརྙན་ཁང་45རུ་འགྲེམས་སྟོན་གཟིགས་འབུལ་གནང་རྒྱུ་རེད།
    【1】  【2】  【3】  【4】  【5】
    ༄༅།།ཧྲང་ཧའེ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་སྐབས་20པ་སྤེལ་འགོ་ཚུགས་པ།
      

    ཕྱོགས་བསྡུས་གསར་འགྱུར།