འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་དཀར་ཆུའི་ལས་རིགས་ཀྱི་རྒྱབ་ཤ་དཀར་པོའི་དེབ་འགྲེམས་སྤེལ་བྱས་པ།

    སློབ་གྲྭ་འབྲིང་ཆུང་གི་སློབ་མ་ཁྲི་2000ལ“སློབ་མའི་ཆེད་སྤྱོད་འོ་མའི”ཕན་པ་ཐོབ་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་19ཉིན། 10:10】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཀྲུང་གོ་དཀར་ཆུའི་ལས་རིགས་མཐུན་ཚོགས་ཀྱིས་ཕྱི་ཕྱོགས་ལ་དཀར་ཆུའི་ལས་རིགས་ཀྱི་རྒྱབ་ཤ་དཀར་པོའི་དེབ་འགྲེམས་སྤེལ་བྱས་པ་སྟེ། 《དུས་སྐབས་གསར་པའི་རྒྱལ་ཁབ་ཀྱི་སློབ་མའི་ཆེད་སྤྱོད་འོ་མའི་འཆར་གཞི་ཁྱབ་གདལ་》ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་དང་《ཀྲུང་གོའི་བཞོན་མའི་ཁྱུ་ཚོགས་ཀྱི་རྒྱུད་པ་ལེགས་བཅོས་ཀྱི་གྲངས་གཞིའི་སྙན་ཞུ་》ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་ཡིན་པ་རེད།
          《དུས་སྐབས་གསར་པའི་རྒྱལ་ཁབ་ཀྱི་སློབ་མའི་ཆེད་སྤྱོད་འོ་མའི་འཆར་གཞི་ཁྱབ་གདལ་》ཞེས་པ་ནི་རྒྱལ་ཁབ་ཀྱི“སློབ་མའི་ཆེད་སྤྱོད་འོ་མའི་འཆར་གཞིའི”སྐོར་གྱི་ཀྲུང་གོ་དཀར་ཆུའི་ལས་རིགས་མཐུན་ཚོགས་ཀྱིས་ཁྱབ་གདལ་དང་འགྲེམས་སྤེལ་བྱས་པའི་རྒྱབ་ཤ་དཀར་པོའི་དེབ་གཉིས་པ་དེ་ཡིན་ཞིང་། མིག་སྔར་རྒྱལ་ཁབ་ཀྱི“སློབ་མའི་ཆེད་སྤྱོད་འོ་མའི་འཆར་གཞི”རྒྱལ་ཡོངས་ཀྱི་ཞིང་ཆེན་(ཐད་གཏོགས་གྲོང་ཁྱེར་དང་རང་སྐྱོང་ལྗོངས)31གི་སློབ་གྲྭ་ཁྲི་6ལྷག་ཙམ་ལ་ཁྱབ་གདལ་བཏང་ཡོད། 2016ལོར་བསྡོམས་འོ་མ་ཏུན་ཁྲི་62.3མཁོ་འདོན་བྱས་པ་དང་། རྒྱལ་ཡོངས་ཀྱི་སློབ་གྲྭ་རེར་ཉིན་རེར་འོ་མ་སྤྱོད་ཚད་ཤོག་ཐུམ་ཁྲི་1517ཟིན་ནས་སློབ་གྲྭ་འབྲིང་ཆུང་གི་སློབ་མ་ཁྲི་2000ལྷག་ཙམ་ལ་ཕན་པ་ཐོབ་ཡོད། 2017ལོའི་ཟླ་5པའི་ཟླ་མཇུག་བར། དཀར་ཆུ་ལས་སྣོན་ཁེ་ལས(ཚོགས་པ)61གི་དཀར་ཆུ་ལས་སྣོན་བཟོ་གྲྭ་98ཀྱིས་ཀྲུང་གོ་དཀར་ཆུའི་ལས་རིགས་མཐུན་ཚོགས་ལ་ཐོ་འགོད་བྱས་པས་ཀྲུང་གོའི་སློབ་མའི་ཆེད་སྤྱོད་འོ་མའི་མཚོན་རྟགས་སྤྱོད་ཆོག་པའི་ཆོག་མཆན་ཐོབ་ཡོད།
          《ཀྲུང་གོའི་བཞོན་མའི་ཁྱུ་ཚོགས་ཀྱི་རྒྱུད་པ་ལེགས་བཅོས་ཀྱི་གྲངས་གཞིའི་སྙན་ཞུ་》ཞེས་པ་ནི་གྲངས་གཞིའི་ཐོག་ནས་དབྱེ་ཞིབ་བྱས་པའི་དེབ་དང་པོ་དེ་ཡིན་པ་དང་། དེའི་ནང་1995ལོ་ནས་བཟུང་ཀྲུང་གོའི་བཞོན་མའི་ཁྱུ་ཚོགས་ཀྱི་རྒྱུད་པ་ལེགས་བཅོས་ཐད་ཐོབ་པའི་འཕེལ་རྒྱས་སྙན་ཞུར་བཀོད་དེ་ཀྲུང་གོའི་དཀར་ཆུའི་ལས་རིགས་ཀྱི་རྒྱབ་ཤ་དཀར་པོའི་དེབ་ཀྱི་རྣམ་པའི་ཐོག་ནས་སྤྱི་ཚོགས་ལ་ཐོག་མར་འགྲེམས་སྤེལ་བྱས་པ་ཞིག་རེད། སྙན་ཞུའི་ནང་། མཐུན་ཚོགས་ཀྱིས་ལོ་ཉི་ཤུ་ལྷག་ཙམ་བསགས་པའི་གྲངས་གཞི་སྤྱད་དེ་བཞོན་མའི་རྒྱུད་པ་ཐོ་འགོད་དང་། བེའུ་སྐྱེ་ནུས་ཚད་འཇལ་གཏན་འཁེལ། ཕ་གླང་གི་རྒྱུད་པ་ཚད་འཇལ་གཏན་འཁེལ། སྟོབས་ཆེ་ཆུང་དང་ཤ་ཤེད་ཡག་ཉེས་དཔྱད་སྡོམ་དང་རྒྱུད་པ་དཔྱད་དཔོག་བཅས་ཕྱོགས་ལྔའི་ཐོག་ནས་རང་རྒྱལ་གྱི་བཞོན་མའི་ཁྱུ་ཚོགས་ཀྱི་རྒྱུད་པ་ལེགས་བཅོས་ཡར་རྒྱས་ཕྱིན་ལུགས་མཚོན་པར་བྱས་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།