འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།སྒོར་ཁྲི་བརྒྱའི་དུས་དེབ་ཀྱིས་ཝུའུ་ལིང་རི་ཁུལ་གྱི་རིག་གནས་དབུལ་སྐྱོར་ལ་རམ་འདེགས་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་19ཉིན། 10:09】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་16ཉིན་གྱི་སྔ་དྲོ། སྒོར་ཁྲི་བརྒྱ་ཟིན་པའི“མི་དམངས་ཉིན་རེའི་ཚགས་པར”དང་གཅེས་སེམས་དཔེ་དེབ་ཞལ་འདེབས་ཕུལ་བའི་མཛད་སྒོ་དེ་ཀུའེ་ཀྲོའུ་ཞིང་ཆེན་ཐུང་རེན་གྲོང་ཁྱེར་ཅང་ཁོའུ་རྫོང་ཐའེ་ཕིང་གྲོང་རྡལ་གྱི་ལྟེ་བའི་སློབ་ཆུང་དུ་སྤེལ་ཞིང་། མི་དམངས་ཉིན་རེའི་ཚགས་པར་2000དང་དཔེ་དེབ་ཁྲི་2ས་གནས་དེ་གའི་མང་ཚོགས་དབུལ་པོ་དང་ཁྱིམ་ཚང་ལ་དཀའ་ངལ་ཡོད་པའི་སློབ་མར་སྤྲད་པ་རེད།
          ཐུང་རེན་གྲོང་ཁྱེར་དེ་ཝུའུ་ལིང་རི་བོའི་རྒྱལ་ཁབ་ཀྱི་ཡུག་སྦྲེལ་དམིགས་བསལ་དཀའ་ངལ་ཡོད་པའི་ཁུལ་དུ་གནས་པ་དང་། 2020ལོར་སླེབས་སྐབས་དབུལ་སྒྲོལ་འབྱོར་འབྲིང་གི་དམིགས་ཚད་མངོན་འགྱུར་ཡོང་བར་ལས་འགན་དཀའ་ཚེགས་ཆེན་པོ་ཡོད། “ག་ཚོད་དབུལ་རུང་ཕྲུ་གུ་དབུལ་དུ་མི་འཇུག་པ་དང་ག་ཚོད་དབུལ་ཡང་སློབ་གསོ་དབུལ་མི་རུང་། ‘ལོ་ལྔ་ཚན་བཅུ་གཉིས་པ’ནས་བཟུང་ཐུང་རེན་གྱིས་མ་དངུལ་སྒོར་དུང་ཕྱུར་290བཏང་ནས་སློབ་གཉེར་གྱི་ཆ་རྐྱེན་ལེགས་སུ་བཏང་སྟེ་སློབ་གསོར་བརྟེན་ནས་དབུལ་སྐྱོར་བྱེད་པའི་ལམ་བུ་གསར་པའི་ཐོག་ཧུར་ཐག་སྐྱོད་ཡོད”ཅེས་ཐུང་རེན་གྲོང་ཁྱེར་གྱི་ཧྲེ་ཀྲང་ཁྲེན་ཡན་གྱིས་བཤད་པ་དང་། ཁོང་གིས“ཧའེ་ནན་ཞིང་ཆེན་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཧོང་ཀུའེ་ཐིས་ཞལ་འདེབས་ཕུལ་བའི་གཅེས་སེམས་དཔེ་དེབ་དང་ཚགས་པར་དེ་དག་ནི་གྲོང་ཁྱེར་ཡོངས་ཀྱི་སློབ་གསོར་བརྟེན་ནས་དབུལ་སྐྱོར་བྱེད་པའི་འཐབ་ཇུས་ལ་ལེགས་སྐྱེས་གསར་པ་ཕུལ་བ་ཞིག་རེད”ཅེས་བཤད།
          ངོ་སྤྲོད་བྱས་པར་གཞིགས་ན། ཐུང་རེན་གྲོང་ཁྱེར་གྱི་གྲོང་གསེབ་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་སློབ་མ་ད་དུང་ཁྲི་17ཡོད་པ་དང་སློབ་ཞུགས་གོང་ནས་མཐོ་སློབ་བར་གྱི་འཐུས་སྒོ་ཅུང་ཚང་བའི་ལངས་གཟུགས་རྣམ་པའི་སྣེ་མང་ཅན་གྱི་རོགས་སྐྱོར་སྲིད་ཇུས་མ་ལག་བཙུགས་ཡོད། ན་ནིང་ཐུང་རེན་གྲོང་ཁྱེར་ཡོངས་ཀྱིས་སྒོར་དུང་ཕྱུར་8.94བཏང་སྟེ་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭའི་སློབ་མ་མི་ཐེངས་ཁྲི་84.35ལ་རོགས་སྐྱོར་བྱས་ནས་སློབ་གསོར་བརྟེན་ནས་མི་འབོར་དབུལ་པོར་རོགས་རམ་བྱེད་པར་མི་ཐེངས་ཁྲི་5.5ལས་བརྒལ་བ་དང་དེའི་ནང་མི་ཁྲི་1.9དབུལ་སྒྲོལ་ཐུབ་ཡོད་པ་རེད།
           ཞིང་ཆེན་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་དམངས་གཉེར་ཁེ་ལས་མཁས་ཅན་ཞིག་ཡིན་པའི་ངོས་ནས་ཧོང་ཀུའེ་ཐིས་ལོ་10ལྷག་ཙམ་རིང་སྤྱི་ཕན་བྱ་གཞག་ལ་སེམས་ནུས་ཡོད་རྒུ་བཏོན་པ་དང་། རིམ་རྩིས་བྱས་ན་སྒོར་ཁྲི་3000ལྷག་ཙམ་རི་བའི་དངུལ་དང་དངོས་པོ་ཞལ་འདེབས་བརྒྱབ་ནས་སློབ་མ་དབུལ་པོ་3000ལྷག་ཙམ་ལ་རོགས་སྐྱོར་བྱས་པ་དང་ཆབས་ཅིག ཁོང་ལ་རྒྱལ་ཡོངས་ཀྱི་མི་རིགས་ཀྱི་གཞོན་ནུའི་མཐུན་སྒྲིལ་ཡར་ཐོན་གྱི་བྱ་དགའ་དང་། རྒྱལ་ཡོངས་ཀྱི་ཕུགས་རེའི་འདུ་འགོད་ཀྱི་ལོ་25ཡི་གཟེངས་སུ་ཐོན་པའི་ལེགས་སྐྱེས་བྱ་དགའ། ཧའེ་ནན་ཞིང་ཆེན་གྱི་ཀུན་སྤྱོད་དཔེ་བཟང་བ། ཧའེ་ནན་ཞིང་ཆེན་གྱི་ངལ་རྩོལ་དཔེ་བཟང་བ་སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།