འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།ཟླ་བདུན་པར་རྒྱལ་ལམ་216གི་སྐྱིད་གྲོང་རྫོང་ནས་སྐྱིད་གྲོང་འགག་སྒོ་བར་རླངས་
    འཁོར་རྦད་དེ་ཤར་གཏོང་ཐུབ་རྒྱུ་ཡིན་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་19ཉིན། 10:41】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པར་ཀྲུང་གོ་ལྕགས་ལམ་ཅུས་ཉི་ཤུ་ཚོགས་པའི་བོད་ལྗོངས་ལས་གྲྭ་ཚད་ཡོད་ཀུང་སི་དང་པོའི་རྣམ་གྲངས་པུའུ་ནས་ཤེས་རྟོགས་བྱུང་བར། ཀུང་སི་དེས་འཛུགས་སྐྲུན་བྱ་རྒྱུ་འགན་གཙང་བླངས་པའི“4·25”ས་ཡོམ་གེགས་རྗེས་ཀྱི་འགྲིམ་འགྲུལ་སླར་གསོ་བསྐྱར་སྐྲུན(དུས་ཐེངས་གཉིས་པ)ལས་གྲྭ་E1ཚད་ལྡན་དུམ་བུ་སྟེ། རྒྱལ་ལམ་216ཏུ་ཡོད་པའི་རི་ཉིལ་ཤུལ་བཅོས་སྐྱོང་གི་ལས་གྲྭ་ཆེན་པོ་གཉིས་ཏེ། K81གི་རི་ཉིལ་ཤུལ་བཅོས་སྐྱོང་ལས་གྲྭ་དང་K87གྱི་གས་རྡིབ་བཅོས་སྐྱོང་ལས་གྲྭ་མིག་སྔར་ཁྱོན་ཡོངས་ནས་བདེ་བླག་ངང་སྐུལ་འདེད་གཏོང་བཞིན་ཡོད་ཅིང་། ཨར་ལས་ཚན་པས་མཇུག་མཐའི་ལས་གྲྭར་ཧུར་ཐག་ཞུགས་པ་དང་སྔོན་དཔག་བྱས་ན་2017ལོའི་ཟླ་7ཚེས་31ཉིན་རླངས་འཁོར་རྦད་དེ་ཤར་གཏོང་ཐུབ་རྒྱུ་ཡིན་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན།
         “4·25”ས་ཡོམ་གྱི་ཤུགས་རྐྱེན་ཐེབས་ནས་འགྲམ་འགག་སྒོའི་ཕྱོགས་སུ་རླངས་འཁོར་གཏོང་མཚམས་བཞག་ཅིང་། རྒྱལ་ལམ་216ནི་མིག་སྔར་ཤར་གཏོང་ཐུབ་པའི་བོད་དང་ནེ་པ་ལ་བར་གྱི་སྐམ་སའི་འགག་སྒོའི་བགྲོད་ལམ་གཅིག་པུ་དེ་ཡིན། རྒྱལ་ལམ་216གི་སྐྱིད་གྲོང་རྫོང་ནས་རི་སོ་ཟམ་པ་བར་ལ་ཁྱོན་སྤྱི་ལེ་94.38དང་། ས་གཤིས་ཀྱི་གནོད་འཚེ་ཐོན་ཡུལ་23 ཆ་སྙོམས་བྱས་ན་སྤྱི་ལེ་བཞི་ལ་གནོད་འཚེ་ཐོན་ཡུལ་གཅིག་བཅས་ཡོད་པ་རེད། ཨར་ལས་བྱེད་པའི་བརྒྱུད་རིམ་ཁྲོད་ཨར་ལས་ཚན་པས་དཀའ་ངལ་སྣ་ཚོགས་ཁྱད་བསད་ཀྱིས་ཕྱོགས་གཅིག་ནས་ཨར་ལས་བྱེད་དགོས་ཀྱི་ཡོད་ལ་ཕྱོགས་གཞན་ཞིག་ནས་གཞུང་ལམ་རྒྱུན་གཏན་བཞིན་ཤར་གཏོང་ཐུབ་པའི་འགན་ལེན་ཡང་བྱེད་དགོས་ཀྱི་ཡོད་པ་རེད།
         “མིག་སྔར་ལམ་གཞི་དང་། སྒྲོམ་གཞི། དེ་བཞིན་སྔོ་འགྱུར་བཅས་ཀྱི་ལས་གྲྭ་ཁ་ཤས་མ་གཏོགས་མང་ཆེ་བ་སྤྱིའི་ཆ་ནས་ལེགས་གྲུབ་ཟིན་ཡོད། སྔོན་དཔག་བྱས་ན་ཟླ་7ཚེས་31ཉིན་ཁྱོན་ཡོངས་ནས་རླངས་འཁོར་ཤར་གཏོང་ཐུབ་རྒྱུ་ཡིན”ཞེས་ཀྲུང་གོ་ལྕགས་ལམ་ཅུས་ཉི་ཤུ་ཚོགས་པའི་བོད་ལྗོངས་ལས་གྲྭ་ཚད་ཡོད་ཀུང་སི་དང་པོའི་འབྲེལ་ཡོད་འགན་འཁུར་བས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།