འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།"ཀླུ་མོ"རྟགས་ཅན་ཚོད་ལྟའི་ཚུལ་དུ་མཚོར་འཛུལ་བཀོལ་སྤྱོད་བྱེད་ཐེངས་100ལེགས་
    གྲུབ་བྱུང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་12ཉིན། 14:14】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།'ཀླུ་མོ'རྟགས་ཅན་ཚོད་ལྟའི་ཚུལ་དུ་མཚོར་འཛུལ་བཀོལ་སྤྱོད་བྱེད་ཐེངས་100ལེགས་
གྲུབ་བྱུང་བ།
          མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་11ཉིན། "ཀླུ་མོ"རྟགས་ཅན་གྱི་མི་བཞུགས་མཚོར་འཛུལ་འཕྲུལ་ཆས་ཞི་བདེ་རྒྱ་མཚོའི་ནུབ་ཀྱི་ཡཱ་ཕུའུ་མཚོ་འགག་ཏུ་ཀྲུང་གོའི་རྒྱ་མཚོ་བགྲོད་སྐྱོད་ཐེངས་38པའི་བགྲོད་རིམ་གསུམ་པའི་གཏིང་འཛུལ་ཐེངས་9པ་བྱས་ཤིང་། གཏིང་ཚད་ཟབ་ཤོས་ལ་སྨི་6583ཟིན་པ་རེད། འདི་ནི"ཀླུ་མོ"རྟགས་ཅན་རྒྱ་མཚོར་བགྲོད་ཚུན་དུ་གཏིང་དུ་འཛུལ་ཐེངས་151པའི་ཡིན་ལ། "ཀླུ་མོ"རྟགས་ཅན་2013ལོ་ནས་བཟུང་ཚོད་ལྟའི་ཚུལ་དུ་བཀོལ་སྤྱོད་འགྲུལ་སྐྱོད་བྱས་ཚུན་གཏིང་དུ་འཛུལ་ཐེངས་བརྒྱ་100ཟིན་པ་རེད།
            2013ལོའི་ཟླ་6པར། "ཀླུ་མོ"རྟགས་ཅན་ཚོད་ལྟའི་ཚུལ་དུ་བཀོལ་སྤྱོད་ཀྱི་འགྲུལ་སྐྱོད་བྱེད་ཐེངས་ཐོག་མ་ལྷོ་རྒྱ་མཚོར་བྱས་ཤིང་། ཟླ་6ཚེས་17ཉིན། ལས་ཀ་བྱེད་ཁུལ་དུ་གཏིང་འཛུལ་ཐོག་མ་ལེགས་གྲུབ་བྱུང་། གཏིང་དུ་མ་འཛུལ་གོང་ལ། "ཀླུ་མོ་"རྟགས་ཅན་གྱིས་ཅང་སུའུ་ཅང་དབྱིང་དུ་མཚོ་ཐོག་ཚོད་ལྟའི་སྦྱོང་བརྡར་ཐེངས་ཤིག་བྱས་པ་འདི་ཉིད་ཀྱང་བརྩིས་ན། "ཀླུ་མོ"རྟགས་ཅན་ཚོད་ལྟའི་ཚུལ་དུ་བཀོལ་སྤྱོད་གཏིང་འཛུལ་བྱེད་རིམ་ཐེངས་100ཟིན་ཡོད་པ་རེད།
      
    2017-06-06

    ཕྱོགས་བསྡུས་གསར་འགྱུར།