འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།ཁོང་ཀོ་རྒྱལ་ཁབ་ཤར་རྒྱུད་དུ་ཚོགས་པའི་བཙོན་གྲོལ་དོན་རྐྱེན་བྱུང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་12ཉིན། 14:17】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཁེན་ཧྲ་ས་ཡིས་གནས་འཕྲིན་སྤེལ་བར་གཞིགས་ན། ཁོང་ཀོ་རྒྱལ་ཁབ་ཤར་རྒྱུད་ཀྱི་པེ་ཅི་ཝུ་ཞིང་ཆེན་གྱི་བཙོན་ཁང་ཞིག་ཏུ། ཚེས་11ཉིན་འཇབ་རྒོལ་བྱུང་སྟེ། བཙོན་པ་900ལྷག་བཙོན་ཁང་ནས་བྲོས་བྱོལ་སོང་བ་རེད། འཇབ་རྒོལ་བ་དང་བདེ་སྲུང་སྡེ་ཁག་བར་མེ་མདའ་རྒྱག་རེས་བྱས་ཤིང་། ཉུང་མཐར་ཡང་མི་11གྲོངས་ཡོད་པ་རེད།
           པེ་ཅི་ཝུ་ཞིང་ཆེན་འགན་འཛིན་གྱིས་གསར་འགོད་པར། ཐེངས་འདིའི་དོན་རྐྱེན་ནང་ཁྱོན་བསྡོམས་བཙོན་པ་930བཙོན་ཁང་ནས་བྲོས་བྱོལ་ཤོར་ཡོད་པ་དང་། གྲོངས་པ་མི་11ནང་བཙོན་ཁང་ལྟ་སྲུང་མཁན་8དང་འཇབ་རྒོལ་བ་3ཡོད་པ་རེད་ཅེས་བརྗོད། 
          ཁོང་གིས་འཇབ་རྒོལ་བས་དྲག་ཆས་གོ་མཚོན་སྤྱད་འདུག་ཅེས་ཟེར།ད་ལྟ། གཞུང་ཕྱོགས་ཀྱིས་འཇབ་རྒོལ་བའི་ཐོབ་ཐང་ཡོངས་བསྒྲགས་བྱས་མེད་པ་རེད། བདེ་སྲུང་སྡེ་ཁག་གིས་ཡོངས་བསྒྲགས་བྱས་པར་གཞིགས་ན། འཇབ་རྒོལ་ནི་ས་གནས་དེ་གར་ཡུན་རིང་འཚོ་སྡོད་བྱེད་པའི་ཝུ་ཀན་ཏ་རྒྱལ་ཁབ་ཀྱི་དྲག་ཆས་ངོ་རྒོལ་བ་དང་ས་གནས་ཀྱི་ཡུལ་དམག་དྲག་ཆས་པས་སྤེལ་བ་རེད།
          ཤེས་རྟོགས་བྱུང་གསལ་དུ། བཙོན་ཁང་ནས་བྲོས་བྱོལ་དུ་སོང་བའི་བཙོན་པ་930ཡོད་པ་ལས་མང་ཆེ་བ་ཝུ་ཀན་ཏ་དྲག་ཆས་ངོ་རྒོལ་པ་དང་ས་གནས་ཀྱི་ཡུལ་དམག་དྲག་ཆས་པའི་ཁོངས་མི་ཡིན་ཞིང་། ཁོང་ཚོས་ས་གནས་དེ་གའི་མང་ཚོགས་དམར་གསོད་བཏང་བའི་ཉེས་བགྲང་ཞུ་སྦྱོར་བྱས་པ་ཡིན་ཞིང་། བཙོན་པ་ཁ་ཤས་ལ་འདྲི་གཅོད་བྱེད་སྒང་ཡིན་པ་རེད།
      
    2017-06-06

    ཕྱོགས་བསྡུས་གསར་འགྱུར།