འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།རྨ་ཆུའི་ཆུ་འགོའི་ཁོར་ཡུག་གཙང་སྦྲ་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་12ཉིན། 11:08】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། རྨ་ཆུའི་ཆུ་འགོ་ཡིན་པའི་རྨ་སྟོད་དེ་ནི་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་ནུབ་བྱང་རྒྱུད་དུ་གནས་ཡོད། རྨ་སྟོད་ནི་རྨ་ཆུའི་ཆུ་སྟོད་ཀྱི་རྫོང་གྲོང་དང་པོ་དེ་ཡིན་པ་དང་མི་འབོར་ཉུང་ལ་ས་བབ་སྨི་4200ལྷག་ཙམ་ཡོད། རྨ་སྟོད་རྫོང་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ལྟེ་བར་གནས་པ་དང་ཀྲུང་ཧྭ་མི་རིགས་ཀྱི་སྐྱེད་མའི་གཙང་པོ་སྟེ་རྨ་ཆུའི་ཆུ་འགོ་དང་མཚོ་བོད་ས་མཐོའི་གལ་ཆེའི་སྣོད་བཅུད་སྲུང་ཡོལ་ཡང་ཡིན། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་རྨ་ཆུའི་ཆུ་འགོའི་གླིང་རྨ་སྟོད་རྫོང་ཁོངས་སུ་གནས་པ་དང་གླིང་ཁྱོན་གྱིས་རྨ་སྟོད་རྫོང་གི་སྤྱིའི་རྒྱ་ཁྱོན་གྱི་78.01%བཟུང་ཡོད།
         ལོ་50ལྷག་ཙམ་ལ་སླེབས་པའི་དཀོན་མཆོག་བཟའ་ཚང་ནི་རྨ་སྟོད་རྫོང་རྨ་ཆུ་ཤང་གི་འབྲོག་པ་ཡིན་པ་དང་དེ་སྔ་གཙོ་བོ་འབྲོག་ལས་བྱས་ནས་སྡོད་ཀྱི་ཡོད། སྣོད་བཅུད་སྲུང་སྐྱོང་གི་དགོས་མཁོའི་དབང་གིས་ནང་མི་ཚང་མ་རྨ་ཆུ་ཤང་གི་འབྲོག་ཁུལ་ནས་རྨ་སྟོད་རྫོང་གྲོང་དུ་སྤོས་ཏེ་ཁོར་ཡུག་གཙང་སྦྲའི་ལས་ལ་ཞུགས།
         ལམ་སུམ་མདོ་ཁ་ནས་རྨ་སྟོད་རྫོང་གྲོང་བར་གྱི་ལམ་ཐག་སྤྱི་ལེ་གསུམ་ནི་རྨ་སྟོད་ནས་སྐྱོད་པའི་ལམ་གྱི་འགག་མདོ་འབའ་ཞིག་ཡིན་པས། དེས་ན་ཕར་འགྲོ་ཚུར་འོང་བྱེད་མཁན་གྱི་ཁ་ལོ་བ་དང་འགྲུལ་པས་སྣང་མེད་ངང་གད་སྙིགས་གང་བྱུང་དུ་དབྱུགས་ཀྱི་ཡོད། དཀོན་མཆོག་བཟའ་ཚོས་ཉིན་ལྟར་ཞོགས་སྔ་ལངས་ཀྱིས་སྟབས་བདེའི་རྩམ་པ་བཟས་ནས་ཕྱགས་མ་དང་རྩྭ་རས་འཁྱེར་ཏེ་ཉིན་གཅིག་གི་བྲེལ་འཚུབ་ལས་ལ་གཞོལ་འགོ་བརྩམས། སྐབས་འགར་རླུང་བུ་ལྡང་་ནས་འགྱིག་ཤོག་མང་པོ་གཞུང་ལམ་དང་ཐག་རིང་སའི་ས་ཆར་འཁྱེར་བས་གད་རྒྱག་རྒྱུ་ཁག་ཏུ་ཕྱིན། ཉིན་ལྟར་ཁོང་ཚོས་གད་སྙིགས་ཁེངས་མ་བླུགས་པའི་རྩྭ་རས་འཁྱེར་ཏེ་རྫོང་གྲོང་དང་བར་ཐག་སྤྱི་ལེ་གསུམ་ཡོད་པའི་གད་སྙིགས་གཅིག་སྡུད་གཙང་སེལ་ས་ཚིགས་སུ་བསྐྱལ་གྱི་ཡོད། རྒྱུན་དུ་ཕྱི་དྲོའི་བར་འགན་འཁྲིའི་ས་ཁོངས་ཀྱི་གད་སྙིགས་འཕྱག་དགོས་ཀྱི་ཡོད།
         དཀོན་མཆོག་གིས་འཕྲོད་བསྟེན་གཙང་སྦྲ་བ་ཞིག་བྱས་པ་ནས་བཟུང་ང་ཚོར་ཟླ་རེར་གླ་ཕོགས་སྒོར་1700(མི་དམངས་ཤོག་སྒོར)ཡོད་པས་འཚོ་བར་འགན་ལེན་ཐུབ་སོང་། ནང་མི་ཚང་མ་འབྲོག་ཁུལ་གྱི་གུར་ནས་སྲིད་གཞུང་གིས་གཅིག་གྱུར་ཐོག་བརྒྱབ་པའི་ཁང་བཟང་ནང་སྤོ་རྒྱུ་བྱུང་བས་འཚོ་བའི་ཆུ་ཚད་དང་སྡོད་ཁང་གི་ཆ་རྐྱེན་ཧ་ཅང་ལེགས་སུ་ཕྱིན་སོང་། ད་ཆ་བུ་ཡང་གཉེན་སྒྲིག་བྱས་པ་དང་བུ་མོ་རྫོང་གྲོང་དུ་རིག་གནས་སློབ་གསོ་དང་ལེན་བྱེད་བཞིན་ཡོད་ཅེས་བཤད།
         ལས་རིགས་དེ“རང་ཉིད་ཀྱིས་བདམས་པས་བློ་གཅིག་སེམས་གཅིག་གིས་ཡག་པོ་བྱ་རྒྱུ་ལས་མ་འདས། ཉིན་ལྟར་གད་སྙིགས་གཙང་སེལ་བྱས་ནས་བྱ་གཞག་ཆེན་པོ་ཞིག་སྒྲུབ་ཐུབ་མེད་རུང་ངས་ཇི་ལྟར་བྱས་ནས་རང་འཁྲིའི་ལས་འགན་ཡག་པོ་བསྒྲུབས་ནས་རྨ་ཆུའི་ཆུ་འགོའི་ཁོར་ཡུག་དེ་བས་གཙང་མ་ཡོང་བ་བྱས་ཏེ་ཡུལ་སྐོར་བ་རྨ་སྟོད་དུ་ཡོང་རྒྱུའི་ཡིད་དབང་འགུགས་ཐུབ་པ་བྱ་རྒྱུ་ཡིན”ཞེས་དཀོན་མཆོག་གིས་བཤད།
      
    2017-06-06

    ཕྱོགས་བསྡུས་གསར་འགྱུར།