འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱི་དབང་པོ་སྐྱོན་ཅན་དུད་ཚང་ཞིག་གི་དབུལ་སྒྲོལ་སྐོར་བཀོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་11ཉིན། 14:59】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཤང་གྲོང་གཞུང་ལམ་གྱི་ལམ་མདོ་ཁ་ནས་ཁ་བསྐོར་ཏེ་གཡང་གཟར་གྱི་རི་ལམ་ཐོག་རླངས་འཁོར་བཏང་ནས་སྤྱི་ལེ་8ཙམ་བསྐྱོད་རྗེས། མཐར་མཚོ་སྔོན་ཞིང་ཆེན་སན་ཧེ་གྲོང་རྡལ་སོའར་ཀན་གྲོང་ཚོ་འདྲེན་བྱེད་ཡོལ་བའི་ངོས་སུ་རིམ་བཞིན་འཆར།
          ཉིན་དགུང་སླེབས་ཉེའི་མཚམས་སུ་གྲོང་མི་ཞེ་ཀུའེ་ཆིང་ལུག་ལ་གཟན་རྩྭ་སྟེར་བཞིན་ཡོད་ཅིང་། ད་ལོ་ལོ་60ལྷག་ཙམ་ལ་སླེབས་པའི་ཁོང་གི་བཟའ་ཟླ་གྲོངས་ནས་ད་བར་ལོ་17སོང་བ་དང་སྒལ་རུས་ཡ་མ་གཟུགས་སུ་ཚབས་ཆེན་གྱུར་པའི་ཁོང་གིས་དཀའ་ལས་ཚད་མེད་བརྒྱབ་རུང་འཚོ་བ་མར་ངོའི་ཟླ་ལྟར་ཉིན་བཞིན་ཇེ་སྡུག་ནས་ཇེ་སྡུག་ཏུ་སོང་ཞིང་། དགུན་དུས་སུ་དྲོད་ཁུག་ཐབས་བྱེད་པར་རྡོ་སོལ་དང་རིལ་མ་བསྲེས་ནས་འབུད་རྒྱུ་ལས་མ་འདས། ཕྲུ་གུ་གཉིས་པོ་ཡང་དབང་པོ་སྐྱོན་ཅན་ཡིན་ཏེ་ལོ་40ལ་སླེབས་པའི་ལི་ཝན་ཚའེ་ཤེས་རིག་ཧ་ཅང་དམའ་བ་དང་། གཅིག་ཤོས་ཏེ་ལོ་34ལ་སླེབས་པའི་ལི་ཝན་ཀུའེ་མིག་དབང་སྐྱོན་ཅན་ཡིན་པས། སློབ་ཆུང་ལོ་གསུམ་ལས་བསྒྲིམས་མེད་ཅིང་ད་བར་ཕོ་ཧྲང་དུ་ལུས་ཡོད།
          དུས་ཡུན་རིང་པོའི་ནང་ས་གནས་དེ་གའི་གྲོང་མིས་ས་ཆའམ་ཡང་ན་ཕྱུགས་རར་བརྟེན་ནས་འཚོ་བར་འགྱུར་ལྡོག་གཏོང་འདོད་བྱེད་ཀྱི་ཡོད་པ་དང་། ཞེ་ཀུའེ་ཆིང་གི་ཁྱིམ་ཚང་ཡང་དེ་ལྟར་ཡིན། ལོ་10ལྷག་ཙམ་གྱི་གོང་གྲོང་ཚོའི་གཞོན་ནུ་ཁག་དང་པོ་གཞི་ནས་ཕ་ཡུལ་ནས་ཁ་གྱེས་ཏེ་ཕྱིར་གླ་པ་བྱེད་པར་སོང་།
          ཁྱིམ་གྱི་ཀ་བ་ལྟ་བུ་ཡིན་པའི་ལི་ཝན་ཀུའེ་ཡིས་རིམ་བཞིན་ཕྲག་ཐོག་གི་འགན་འཁྲི་ལྕི་པོ་ཡིན་པ་ཚོར། “མིག་དབང་སྐྱོན་ཅན་ཡིན་རུང་། མིག་གིས་གསལ་ལ་མི་གསལ་ཞིག་མཐོང་ཐུབ་པས”ལི་ཝན་ཀུའེ་ཡིས་2007ལོར་མཚོ་ཤར་གྲོང་ཁྱེར་གཞོང་ཐང་ཆུས་ཀྱི་སི་ཁྲོན་ཟ་ཁང་ཞིག་ཏུ་མ་གཡོག་བྱེད་པར་སོང་བ་དང་། ཟླ་རེར་ཡོང་འབབ་སྒོར་1400ཡོང་གི་ཡོད་པས་ཁྱིམ་གྱི་དབུལ་ཕོངས་ཀྱི་གནས་ཚུལ་ཞི་ལྷོད་དུ་ཕྱིན་སོང་ཞེས་བཤད།
          སོའར་ཀན་གྲོང་ཚོའི་ཧྲུའུ་ཅི་ཨང་དང་པོ་ལེང་ཡིའུ་ཧྲེ་ཡིས་གསར་འགོད་པར་2015ལོའི་ལོ་མཇུག་ཏུ་མཚོ་སྔོན་གྱི་གནད་སྨིན་དབུལ་སྐྱོར་ལས་དོན་ལ་སྐུལ་འདེད་གཏོང་བ་དང་སྦྲགས། ཞེ་ཀུའེ་ཆིང་སོགས་དུད་ཚང་24གྲོང་ཚོའི་གཱ་དང་ཡིག་ཚགས་བཟོ་བའི་དུད་ཚང་དབུལ་པོར་གཏན་འཁེལ་བྱས། སོའར་ཀན་གྲོང་ཚོའི་དམིགས་ཚད་ནི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱས་པ་བརྒྱུད་འདི་ལོའི་ལོ་མཇུག་ཏུ་གྲོང་ཚོ་ཧྲིལ་པོ་དབུལ་སྒྲོལ་ཐུབ་པ་བྱ་རྒྱུ་དེ་རེད།
          འདི་ལོའི་ཟླ་3པར། ཞེ་ཀུའེ་ཆིང་ནང་མི་ཚང་མ་སན་ཧོ་གྲོང་རྡལ་སྲིད་གཞུང་གནས་ཡུལ་གྱི་ཡུལ་གཞན་དུ་གནས་སྤོས་ཀྱི་གཅིག་སྡུད་བཀོད་སྒྲིག་ཁུལ་དུ་སྤོས། “སྨི་ངོས་གྲུ་70ཡི་ཁང་པ་དེར་སྲིད་གཞུང་གིས་ཁ་གསབ་སྒོར་ཁྲི་8སྤྲད་པ་དང་དུད་ཚང་དབུལ་པོས་སྒོར་ཁྲི་2གྲབས་གསོག་བྱས”སོའར་ཀན་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཅིན་གཡོད་ཚའེ་ཡིས་ཉལ་ཁང་གཉིས་དང་། ཚོམས་ཆེན་གཅིག ཐབ་ཚང་གཅིག གསང་སྤྱོད་གཅིག་བཅས་དང་། ཁང་པ་བཀོད་སྒྲིག་ལུགས་མཐུན། ཉི་མ་དྲོ་བའི་ཁར་རང་བྱུང་སོལ་རླངས་དང་བཙོག་ཆུ་བཤང་འབུད་མདོང་ལམ་ཡང་འཁྲིད་ཡོད་ཅེས་བརྗོད།
          རི་ནས་ཀླུང་ལ་སྤོས་པ་དང་ཇི་ལྟར་བྱས་ཏེ“གཞིས་ཆགས་ཐུབ་པ་དང་། འཕེལ་རྒྱས་ཐུབ་པ། ཕྱུག་པོ་ཆགས་ཐུབ་པ”བཅས་བྱེད་དགོས་སམ། ལོ་10ཡི་གོང་ཁྲོན་བཟས་གཡོས་སྦྱོར་བྱེད་སྟངས་སྦྱངས་པའི་ལི་ཝན་ཀུའེ་ཡིས་ལོ་10ཡི་རྗེས་རང་ཉིད་ཀྱི་ལག་རྩལ་ལ་བརྟེན་ནས་ཟ་ཁང་འཛུགས་ཐུབ་པ་བསམ་ཡུལ་ལས་འདས།
         “གཱ་དང་ཡིག་ཚགས་བཟོས་པའི་དུད་ཚང་གི་མི་ཚང་མར་ཐོན་ལས་འཕེལ་རྒྱས་ཀྱི་མ་དངུལ་སྒོར་5400ཡོད་པས། ངས་ནང་མི་གསུམ་པོའི་སྒོར་16200དེས་ཟ་ཁང་ཞིག་བཙུགས་པ་ཡིན”ཞེས་ལི་ཝན་ཀུའེ་ཡིས་བཤད་ཅིང་། ཉ་བརྔོས་མ་དང་། ཡུས་ཤང་ཤ་ཧྲུག མའོ་ཞོད་ཝང་ནི་ཁོ་པའི་དམིགས་བསལ་ཚལ་ཡིན་པ་མ་ཟད། སྐུ་མགྲོན་གྱིས་ཀྱང་དགའ་པོ་བྱེད་ཀྱི་ཡོད། ཟ་ཁང་བཙུགས་ནས་ཟླ་བ་གསུམ་རིང་ཚོང་ཧ་ཅང་ཡག་པོ་ཡོད་པས་འདི་ལོ་དབུལ་སྒྲོལ་ཐུབ་རྒྱུ་ཉག་གཅིག་རེད།
          སན་ཧོ་གྲོང་རྡལ་གྱི་ཀྲེན་ཀྲང་གཞོན་པ་ཡང་ཧྲུན་རུང་གིས་གསར་འགོད་པར་སན་ཧོ་གྲོང་རྡལ་གྱིས་གཅིག་སྡུད་ཉོ་ཚོང་ཁྲོམ་རའི་འཆར་གཞི་འགོད་བཞིན་པ་དང་གཱ་དང་ཡིག་ཚགས་བཟོས་པའི་དུད་ཚང་དབུལ་པོས་ཁང་གླ་སྤྲོད་མི་དགོས་པར་ཚོང་ཁང་གཅིག་གི་བདག་དབང་ཉར་ཆོག དེས་ན་ལི་ཝན་ཀུའེ་ཡིས་སྐབས་དེ་དུས་མི་དེ་བས་མང་བའི་གཅིག་སྡུད་ཉོ་ཚོང་ཁྲོམ་རར་རང་ཉིད་ཀྱི་ཟ་ཁང་མུ་མཐུད་གཉེར་སྐྱོང་ཆོག་པ་མ་ཟད། ཚོང་ཁང་བོགས་མར་བཏང་ནས་བོགས་དངུལ་ཡང་ལེན་ཆོག་ཅེས་བཤད།
      
    2017-06-06

    ཕྱོགས་བསྡུས་གསར་འགྱུར།