འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་སྤྱིའི་སྲོལ་རྒྱུན་སྒྱུ་རྩལ་གྱི་གདན་ཞུའི་འགྲེམས་སྟོན་སྐབས་བདུན་པ་ཧྲང་ཧའེ་རུ་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་11ཉིན། 14:29】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་8ཉིན། ཧྲང་ཧའེ་གྲོང་ཁྱེར་གསར་གཏོད་ཐོན་ལས་མཐུན་ཚོགས་ཀྱིས་གཙོ་གཉེར་བྱས་པའི་རྒྱལ་སྤྱིའི་སྲོལ་རྒྱུན་སྒྱུ་རྩལ་གྱི་གདན་ཞུའི་འགྲེམས་སྟོན་སྐབས་བདུན་པ་ཧྲང་ཧའེ་རུ་འགོ་ཚུགས་པ་དང་། ཨེ་ཅིབ་ཀྱི་རི་མོ་དང་རི་པིན་གྱི་ཚོན་རིས་སོགས་ཁྱད་ཆོས་མངོན་གསལ་དོད་པའི་རྒྱལ་སྤྱིའི་སྒྱུ་རྩལ་ཐོན་ཟོག་རྩེ་གྲ་ལས་ཤར་ཕྱོགས་དང་ནུབ་ཕྱོགས་ཀྱི་རིག་གནས་སྒྱུ་རྩལ་མི་འདྲ་བའི་མཛེས་སྡུག་མངོན་པར་བྱས་ཡོད།
          ངོ་སྤྲོད་བྱས་པ་ལྟར་ན། རྒྱལ་སྤྱིའི་སྲོལ་རྒྱུན་སྒྱུ་རྩལ་གྱི་གདན་ཞུའི་འགྲེམས་སྟོན་སྐབས་བདུན་པ་གཉེར་བ་ནི་ཀྲུང་གོ་དང་། རི་པིན། ཧན་གོ་བཅས་ཀྱི་སྒྱུ་རྩལ་གདན་ཞུའི་འགྲེམས་སྟོན་བསྟུད་མར་སྐབས་དྲུག་གཉེར་བ་ལས་བྱུང་བ་དང་། ཀྲུང་གོའི་རིག་གནས་ཤུལ་བཞག་ཉིན་མོ་ཐེངས་བཅུ་གཉིས་པའི་དྲན་གསོའི་བྱེད་སྒོར་རྟེན་འབྲེལ་ཞུ་བ་ཞིག་ཀྱང་ཡིན། འགྲེམས་སྟོན་དེས“ཤར་ནུབ་ཀྱི་ཉམས་འགྱུར”བརྗོད་དོན་གཙོ་བོར་བྱས་ནས་སྔོན་ཆད་ཨེ་ཤེ་ཡ་རྒྱལ་ཁབ་ཞུགས་པའི་རྨང་གཞིའི་ཐོག་འཛམ་གླིང་རྒྱལ་ཁབ་སྔར་བས་མང་བའི་སྒྱུ་རྩལ་བརྩམས་ཆོས་ཕུལ་བྱུང་རྒྱ་ཁྱབ་ངང་བསྡུ་ལེན་བྱས་པ་ཞིག་ཡིན་པ་དང་། སི་ཕེན་དང་། ཧྥ་རན་སེ། ཨུ་རུ་སུ། ཧང་ག་རི་སོགས་རྒྱལ་ཁབ་10ལྷག་གི་རི་མོ་བ་གྲགས་ཅན་དང་། བཟོ་རྩལ་མཛེས་རིས་མཁས་ཅན། མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་སོགས་སྒྱུ་རྩལ་མཁས་ཅན་བརྒྱ་ཙམ་འགྲེམས་སྟོན་ནང་ཞུགས་ཡོད་པ་རེད།
          ཤེས་རྟོགས་བྱུང་བ་ལྟར་ན། འགྲེམས་ཚོགས་གཙོ་བོ་ཟླ་6ཚེས་25ཉིན་བར་གཉེར་རྒྱུ་དང་། དེ་རྗེས་ཟླ་6ཚེས་28ཉིན་ནས་བཟུང་ཧྲང་ཧའེ་རུ་སྐོར་སྐྱོད་འགྲེམས་སྟོན་བྱ་རྒྱུ་རེད།
      
    2017-06-06

    ཕྱོགས་བསྡུས་གསར་འགྱུར།