འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་དབྱང་ནོར་སྲིད་ཀྱིས་སྤྱི་པའི་ལུས་རྩལ་ཐང་གི་སྒོ་མོ་སྤྱི་ཚོགས་ལ་འབྱེད་རྒྱུར་རྒྱབ་སྐྱོར་བྱས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་11ཉིན། 14:32】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཀྲུང་དབྱང་ནོར་སྲིད་ཀྱིས་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་9.3བཏང་ནས་ལུས་རྩལ་སྡེ་ཚན་གྱི་ཁོངས་གཏོགས་ལུས་རྩལ་ཐང་དང་ཁང་ཆེ་གྲས་1257ལ་རྒྱབ་སྐྱོར་གྱིས་ལུས་རྩལ་ཐང་དང་ཁང་གི་སྒོ་མོ་སྤྱི་ཚོགས་ལ་རིན་མེད་དམ་རིན་དམའ་བའི་སྒོ་ནས་ཕྱེ་ཡོད། 2014ལོ་ནས་2017ལོ་བར་ཀྲུང་དབྱང་ནོར་སྲིད་ཀྱིས་རིམ་རྩིས་བྱས་ན། ཁ་གསབ་མ་དངུལ་སྒོར་དུང་ཕྱུར་35བཀོད་སྒྲིག་བྱས་ནས་ས་གནས་ཁག་གི་ལུས་རྩལ་སྡེ་ཚན་གྱི་ཁོངས་གཏོགས་ལུས་རྩལ་ཐང་དང་ཁང་ཆེ་གྲས་ཀྱི་སྒོ་མོ་སྤྱི་ཚོགས་ལ་རིན་མེད་དམ་རིན་དམའ་བའི་སྒོ་ནས་འབྱེད་རྒྱུར་སྐུལ་འདེད་ནུས་ལྡན་བཏང་ཡོད། མང་ཚོགས་ཀྱི་ལུས་རྩལ་ལུས་སྦྱོང་གི་དགོས་མཁོ་སྔར་བས་ལེགས་པའི་སྒོ་ནས་བསྐངས་པ་དང་། ལུས་རྩལ་འཛད་སྤྱོད་ལ་སྐུལ་འདེད་བཏང་བ། དུས་མཚུངས་སུ་ལུས་རྩལ་ཐང་དང་ཁང་གིས་གཉེར་སྐྱོང་གསོན་ཤུགས་ཆེ་རུ་བཏང་ནས་རང་ཉིད་འཕེལ་རྒྱས་ཡག་པོ་ཡོང་རྒྱུར་སྐུལ་འདེད་ནུས་ལྡན་བཏང་ཡོད།
      
    2017-06-06

    ཕྱོགས་བསྡུས་གསར་འགྱུར།