འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།མཁའ་དམག་གིས་ཁག་11པའི་བུད་མེད་འཕུར་སྐྱོད་པ་35བསྡུ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་11ཉིན། 14:30】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཉེ་ཆར་གསར་འགོད་པས་མཁའ་དམག་འཕུར་སྐྱོད་སློབ་བསྡུ་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། 2017ལོའི་ལོ་འཁོར་གྱི་འཕུར་སྐྱོད་པའི་སློབ་བསྡུའི་འཆར་གཞི་གཞིར་བཟུང་། འདི་ལོ་མཁའ་དམག་གིས་ཁག་11པའི་བུད་མེད་འཕུར་སྐྱོད་པ་35བསྡུ་རྒྱུ་ཡིན་པ་རེད།
          འཕུར་སྐྱོད་སློབ་མ་བསྡུ་བའི་གཞི་རྩའི་ཆ་རྐྱེན་ནི་མཐོ་སློབ་དཀྱུས་མའི་ལོ་འདི་ག་དང་ལོ་དེ་སྔའི་སློབ་ཐོན་སློབ་མ་ཡིན་པ་དང་། ལོ་17ལས་མི་དམའ་བ་དང་ལོ་20ལས་མི་མཐོ་བ་(1997ལོའི་ཟླ་8ཚེས་31ཉིན་ནས་2000ལོའི་ཟླ་8ཚེས་31ཉིན་བར་སྐྱེས་པ)དང་། གཟུགས་ཚད་ལ་165cmནས་185cmབར་(ལོ་18ལ་མ་སླེབས་པར་ཆ་མཚོན་ན། གཟུགས་ཚད་164cmཡོད་ན་ཚད་ལོན་པ)གྱི་ལུས་པོའི་ལྗིད་ཚད་དེ་ཚད་ལྡན་ལུས་པོའི་ལྗིད་ཚད་ཀྱི་85%ནས120%བར། མིག་གཉིས་ཀྱི་མིག་ཤེད་0.8ཡན་ཡིན་པ། མིག་ལ་སྨན་བཅོས་གཤགས་བཅོས་བྱེད་མྱོང་མེད་པ་དང་། ཚོས་མདོག་དབྱེ་བ་འབྱེད་ཐུབ་པ་སོགས་ཡིན་པ་རེད།
          2017ལོ་ནི་མཁའ་དམག་གིས་ལོ་4སོང་རྗེས་འཕུར་སྐྱོད་པ་སླར་ཡང་བསྡུ་བའི་ལོ་ཞིག་ཡིན་པ་དང་། སྔོན་ཆད་དང་བསྡུར་ན་ཁག་11པའི་བུད་མེད་འཕུར་སྐྱོད་པ་རྒྱུགས་བསྡུ་དང་གདམ་གསེས་ཐད་ལེགས་སྒྲིག་དང་ལེགས་བཅོས་ཆེན་པོ་བྱས་པ་གཙོ་བོ་ཕྱོགས་གསུམ་ཡིན་པ་སྟེ། གཅིག་ནས་རྒྱུགས་བསྡུ་དང་གདམ་གསེས་ཁྱབ་ཁོངས་རྒྱ་ཆེ་རུ་བཏང་སྟེ་ཁག་10པའི་ཞིང་ཆེན་20(རང་སྐྱོང་ལྗོངས་དང་ཐད་གཏོགས་གྲོང་ཁྱེར)ནས་འདི་ལོའི་ཞིང་ཆེན་31བར་རྒྱ་ཆེར་བཏང་བ་དང་། གཉིས་ནས་ལེགས་བཅོས་འཆར་གཞི་གཤམ་གཏོང་བྱེད་སྟངས་དེ་སྔོན་ཆད་ཞིང་ཆེན་དབྱེ་ནས་འཕུར་སྐྱོད་པ་བསྡུ་བའི་འཆར་གཞི་གཤམ་གཏོང་བྱེད་པ་ནས་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་ནས་ལེགས་འདེམས་རྒྱུགས་བསྡུ་བྱེད་པའི་བར་ལེགས་སྒྲིག་བྱས་པ། གསུམ་ནས་འཕུར་སྐྱོད་པ་གཅིག་གྱུར་ངང་བསྡུ་བའི་རྩ་དོན་ཡིན་པ་དང་། རྒྱུགས་སྤྲོད་སློབ་མས་ངེས་པར་དུ་ཆབ་སྲིད་ཀྱི་དཔྱད་ཞིབ་དང་། གཟུགས་པོར་བརྟག་དཔྱད། སེམས་ཁམས་གདམ་གསེས་བཅས་ཚང་མའི་ཚད་གཞི་ལོན་པ་མ་ཟད། མཐོ་རྒྱུགས་ཀྱི་སྦྱངས་འབྲས་དེ་ས་གནས་དེ་གའི་དངོས་གཞིའི་ཚན་ཁག་གི་རིམ་པ་དང་པོའི་སྐར་གྲངས་ཀྱི་ཚད་གཞིར་སླེབས་དགོས་པ་དང་། ཡིག་ཚགས་བསྐུར་བའི་ཚད་གཞི་དང་མཐུན་རིགས་མཁའ་དམག་གིས“མཐོ་རྒྱུགས་ཀྱི་སྦྱངས་འབྲས་དང་ས་གནས་དེ་གའི་དངོས་གཞིའི་ཚན་ཁག་གི་རིམ་པ་དང་པོའི་སྐར་གྲངས”གཞིར་བཟུང་། མཐོ་བ་ནས་དམའ་བའི་བར་རིམ་པ་བཞིན་བསྡུ་རྒྱུ་ཡིན་པ་བཅས་རེད། རྒྱུགས་སྤྲོད་སློབ་མས་གནས་ཡུལ་གྱི་མཁའ་དམག་འཕུར་སྐྱོད་པ་རྒྱུགས་བསྡུ་དང་གདམ་གསེས་ལྟེ་གནས་དང་དེ་བཞིན་ས་གནས་དེ་གའི་སློབ་བསྡུ་ཡིག་རྒྱུགས་སྡེ་ཚན་ལ་གནས་ཚུལ་ཞིབ་ཕྲ་འདྲི་རྩད་བྱེད་ཆོག་ལ། མཁའ་དམག་གི་འཕུར་སྐྱོད་པ་བསྡུ་བའི་དྲ་བ་དང་། འཕུར་སྐྱོད་པ་བསྡུ་བའི་སྐད་འཕྲིན་སྤྱི་རྟགས་བརྒྱུད་ཞིབ་ཕྲའི་རྒྱུགས་བསྡུའི་བྱ་ཐབས་ཤེས་རྟོགས་བྱས་ན་འགྲིག ཟླ་6པའི་ཟླ་སྨད་དུ་མཁའ་དམག་གི་འཕུར་སྐྱོད་པ་རྒྱུགས་བསྡུ་དང་གདམ་གསེས་ལྟེ་གནས་ཀྱིས་ཐོག་མར་འདེམས་རྒྱུའི་སྒྲིག་འཛུགས་བྱ་རྒྱུ་དང་། ཟླ་6པའི་ཟླ་མཇུག་ནས་ཟླ་7པའི་ཟླ་འགོ་བར་མཁའ་དམག་གིས་པེ་ཅིང་དུ་་གཅིག་སྡུད་ཐོག་གདམ་གསེས་གཏན་འཁེལ་གྱི་ལས་དོན་སྒྲིག་འཛུགས་བྱ་རྒྱུ་ཡིན་པ་རེད།
      
    2017-06-06

    ཕྱོགས་བསྡུས་གསར་འགྱུར།