འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།ཏེ་ཝུ་ཕཱ་བལ་ཡུལ་གྱི་སྲིད་བློན་གསར་པར་བདམས་ཐོན་བྱུང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་07ཉིན། 13:54】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཏེ་ཝུ་ཕཱ་བལ་ཡུལ་གྱི་སྲིད་བློན་གསར་པར་བདམས་ཐོན་བྱུང་བ།
          མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་6ཉིན་གྱི་དགོང་མོའི་བལ་ཡུལ་གྲོས་ཚོགས་ཀྱི་སྲིད་བློན་གསར་པ་འདེམས་བསྐོ་ནང་། བལ་ཡུལ་ཚོགས་ཆེན་ཏང་གི་ཀྲུའུ་ཞི་ཤེར་•པ་ཧ་ཏུར་•ཏེ་ཝུ་ཕཱ་(Sher Bahadur Deuba)བལ་ཡུལ་རྒྱལ་ཁབ་ཀྱི་རེ་སྐོར་གསར་པའི་སྲིད་བློན་དུ་བདམས་ཐོན་བྱུང་བ་རེད།
          འདི་ནི་ཏེ་ཝུ་ཕཱ་ཁོང་ཉིད་བལ་ཡུལ་སྲིད་གཞུང་གི་དབུ་འཛིན་དུ་བདམས་ཐེངས་བཞི་པར་གྱུར་པ་ཡིན་ལ། ལས་འགན་འཛིན་ཡུན་ནི་2018ལོའི་ལོ་འགོ་བར་ཡིན་པ་རེད། ཏེ་ཝུ་ཕཱ་ནི་1995ལོ་དང་། 2001ལོ། 2004ལོ་བཅས་བལ་ཡུལ་སྲིད་གཞུང་གི་དབུ་བཞུགས་བློན་ཆེན་གྱི་འགན་བཞེས་ཐེངས་གསུམ་གནང་མྱོང་ཡོད་པ་རེད།
    ༄༅།།ཏེ་ཝུ་ཕཱ་བལ་ཡུལ་གྱི་སྲིད་བློན་གསར་པར་བདམས་ཐོན་བྱུང་བ།
      
    2017-06-06

    ཕྱོགས་བསྡུས་གསར་འགྱུར།