མི་དམངས་དྲ་བ།

༄༅།།རྒྱལ་ཁབ་འབྲུ་རིགས་ཅུས་ཀྱིས་འབྲུ་རིགས་ཐད་ཀྱི་སྒྲིག་འགལ་ཁྲིམས་འགལ་བྱ་སྤྱོད་ལ་བཟོད་
སྒོམ་སྤུ་ཙམ་ཡང་བྱེད་ཀྱི་མིན་ཞེས་བསྟན་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་07ཉིན། 13:53】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

      མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་6ཉིན། རྒྱལ་ཁབ་འབྲུ་རིགས་ཅུས་ཀྱི་ཅུས་ཀྲང་ཀྲང་ཝུའུ་ཧྥེང་གིས་རྒྱལ་ཡོངས་འབྲུ་རིགས་ཁྱབ་ཁོངས་ཀྱི་བདེ་འཇགས་ལས་དོན་བརྙན་འཕྲིན་ཚོགས་འདུའི་ཐོག"གནམ་འོག་གི་འབྲུ་མཛོད"ལ་བདག་སྐྱོང་ཡག་པོ་བྱེད་རྒྱུ་བརྟན་སྲུང་བྱས་ཏེ"གཙོ་གནད་གཉིས"འབུར་དུ་ཐོན་པ་དང་། "དམར་ཐིག་བཞི"བརྟན་སྲུང་། འབྲུ་རིགས་ཐད་ཀྱི་སྒྲིག་འགལ་ཁྲིམས་འགལ་གྱི་བྱ་སྤྱོད་ལ"བཟོད་སྒོམ་སྤུ་ཙམ་ཡང་མི་བྱེད"པར། འབྲུ་རིགས་འཁོར་རྒྱུག་བཅོས་སྒྱུར་འཕེལ་རྒྱས་གསར་གཏོད་ལ་ཁོར་ཡུག་བཟང་པོ་ཞིག་བསྐྲུན་དགོས་ཞེས་བསྟན་པ་རེད།
       འབྲུ་རིགས་ཉོ་སྒྲུབ་དམ་འཛིན་བྱས་ཏེ་ཞིང་པ་ཚོ་འབྲུ་རིགས"འཚོང་དཀའ་བའི"གནས་ཚུལ་སྔོན་འགོག་བྱེད་དགོས། བཟོད་སྒོམ་སྤུ་ཙམ་ཡང་མེད་པའི་རྣམ་འགྱུར་ཐོག་ནས་འབྲུ་རིགས་ཐད་ཀྱི་སྒྲིག་འགལ་ཁྲིམས་འགལ་བྱ་སྤྱོད་ཡོད་རིགས་ཞིབ་བཤེར་ནན་ཏན་བྱས་ཏེ་འབྲུ་རིགས་སྐོར་འཚོང་དང་། རྙིང་པས་གསར་ཚབ་བྱེད་པ། སླུ་ཉོ་སླུ་འཚོང་བྱེད་པ། ལག་བརྗེས་ངན་འཚོང་བྱེད་པ། མཛོད་མཇུག་འབྲུ་རིགས་གྲངས་ཀ་རྫུན་ཞུ་བཅས་བྱས་ནས་འབྲུ་སྣུམ་ཉོ་སྒྲུབ་ཀྱི་དངུལ་བུན་དང་ནོར་སྲིད་ཀྱི་ཁ་གསབ་གཡོ་ལེན་བྱེད་པ་མ་ཟད། ཞིང་པའི་འབྲུ་ཚོང་མ་དངུལ་ཆད་འགྱངས་དང་མཛོད་བཅུག་ཕྱིར་ལེན་ལ་རྐང་བཙུགས་ཏེ་འགོག་རྐྱེན་བཟོ་བ་སོགས་པའི་གནས་ཚུལ་ཤེས་རྟོགས་བྱུང་ན། ཉེས་ཆད་ནན་པོར་གཅོད་རྒྱུ་དང་། འགན་འཁྲི་རྩད་གཅོད་ནན་པོར་བྱས་ཏེ། ངན་ལང་དུ་གཏན་ནས་མི་གཏོང་ཞེས་བརྗོད་པ་རེད།