འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།2017ལོའི་བོད་ལྗོངས་ཀྱི་མཐོ་རྒྱུགས་ཡིག་ཚད་གཏོང་འགོ་ཚུགས་པ། 

    ————རྒྱུགས་ལ་ཞུགས་པའི་སློབ་མ་ཁྲི་2.8ལྷག་ཡོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་07ཉིན། 13:55】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། 2017ལོའི་མཐོ་རྒྱུགས་དེ་རིང་ནས་དངོས་སུ་ལེན་འགོ་ཚུགས་ཤིང་། བོད་ལྗོངས་སུ་ཁྱོན་བསྡོམས་རྒྱུགས་ཞུགས་སློབ་མ་ཁྲི་2.8ཡོད་པ་རེད། ཁ་སང་ཕྱི་དྲོའི་ཆུ་ཚོད་6ཐོག ལྷ་སའི་རྒྱུགས་ལེན་ས་བདུན་རྒྱུགས་ཞུགས་སློབ་མ་ཚོར་ཕྱེ་ཞིང་། རྒྱུགས་ཞུགས་སློབ་མ་ཚོས་ཡུལ་དངོས་སུ་རྒྱུགས་རར་ལྟ་ཞིབ་བྱས་ཆོག་པ་རེད།
         གསར་འགོད་པས་ལྷ་ས་སློབ་འབྲིང་གི་རྒྱུགས་ལེན་ས་ནས་ཕྱི་དྲོའི་ཆུ་ཚོད་5ནས་འགོ་ཚུགས་ཏེ། རྒྱུགས་ཞུགས་སློབ་མ་ཚོ་གཅིག་རྗེས་གཉིས་མཐུད་དུ་རྒྱུགས་ལེན་སའི་ཕྱི་རོལ་ཏུ་སླེབས་པ་དང་། ཕྱི་དྲོའི་ཆུ་ཚོད་5:30ཐོག རྒྱུགས་ལེན་སའི་ཕྱི་རོལ་ཏུ་མི་ཚོགས་ཀྱིས་ཁེངས་པ་མཐོང་བ་རེད།
        དུས་ཚོད་གཅིག་མཚུངས་ཀྱི་ཐོག་ཏུ། ལྷ་ས་སློབ་འབྲིང་ནང་དུ་དུས་ཚོད་དམ་འཛིན་གྱིས་རྒྱུགས་ར་བཀོད་སྒྲིག་མཐའ་མ་བྱེད་བཞིན་ཡོད་པ་རེད། ལྷ་ས་སློབ་འབྲིང་སློབ་དོན་ཁྲུའུ་ཡི་འགན་འཁུར་པ་ལི་ཙའེ་ལིའང་གིས“ང་ཚོས་ཟླ་6ཚེས་1ཉིན་ནས་འགོ་བརྩམས་ཏེ། སློབ་གྲྭ་ཡོངས་ལ་ལྟ་སྐུལ་ཚོད་འཛིན་སྒྲིག་ཆས་དང་རྒྱང་བསྒྲགས་སྒྲིག་ཆས་སོགས་ལ་ཕྱོགས་ཡོངས་ནས་ཞིབ་དཔྱད་ཚད་ལེན་དང་སྲུང་སྐྱོང་ཐེངས་ཤིག་བྱས་ཏེ་མཐོ་རྒྱུགས་ལེན་སྐབས་སུ་སྒྲིག་ཆས་འདི་དག་རྒྱུན་ལྡན་བཞིན་འཁོར་རྒྱུག་ཡོང་བར་འགན་སྲུང་ཏན་ཏིག་བྱེད་ཆེད་ཡིན། དེ་རིང་ནི་གཙོ་བོ་རྒྱུགས་ལེན་སའི་ནང་གི་མཛུབ་སྟོན་པང་ལེབ་དང་། ཞབས་ཞུ་བྱེད་གནས། སྨན་བཅོས་ཞབས་ཞུ་བྱེད་གནས་སོགས་བཀོད་སྒྲིག་བྱེད་ཀྱི་ཡོད”ཅེས་བཤད་པ་རེད།
        ཕྱི་དྲོའི་ཆུ་ཚོད་6ཐོག་ཏུ། རྒྱུགས་ལེན་སའི་སྒོ་འབྱེད་པའི་དུས་ཚོད་སླེབས་གྲབས་ཡོད་པའི་སྐབས་སུ་རྒྱུགས་ལེན་སའི་སྒོ་ཁར་རྒྱུགས་ཞུགས་སློབ་མའི་ཐོབ་ཐང་ཆ་འཕྲིན་ཞིབ་བཤེར་བྱེད་མཁན་དགེ་རྒན་ཚོས་ཀྱང་གྲ་སྒྲིག་བྱས་ཟིན་པ་རེད། ད་ལོའི་ལག་འཛིན་ཐོབ་ཐང་ལག་ཁྱེར་རབས་གཉིས་པ་དབྱེ་འབྱེད་མ་ལག་ནི་སྒྲིག་ཆས་གསར་པ་ཡིན་ཞིང་། ལོ་གོང་མའི་གློག་ཀླད་ཆེན་པོ་ལས་སྟབས་བདེ་རུ་ཕྱིན་ཡོད་པས། རྒྱུགས་ཞུགས་སློབ་མ་ཚོས་རྒྱུགས་རར་ལྟ་ཞིབ་བྱེད་པའི་དུས་ཚོད་བེད་སྤྱོད་བྱས་ནས་སྔོན་ལ་ཚོད་ལྟ་ཞིག་བྱས་པ་རེད།
      
    2017-06-06

    ཕྱོགས་བསྡུས་གསར་འགྱུར།