འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅༎ལྗང་མདོག་རྒྱུན་མཐུད་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་པ།

    —— བོད་ཀྱིས་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གལ་ཆེན་བཏོད་པའི་སྐོར་གྱི་དངོས་བྲིས།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་06ཉིན། 11:04】   (རྩོམ་སྒྲིག་འགན་འཁུར་པ། ཀླུ་སྒྲོན།)

     
         མི་དམངས་དྲ་བའི་འཕྲིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་མཚོ་བོད་ས་མཐོའི་སྣོད་བཅུད་སྲུང་སྐྱོང་ལ་ཚད་མཐོའི་མཐོང་ཆེན་གནང་གི་ཡོད། བོད་རང་སྐྱོང་ལྗོངས་ཀྱིས་སྔར་ན་མེད་པའི་ནུས་ཤུགས་བཏོན་ཏེ་གོ་ལའི་ཡང་རྩེར་གནས་པའི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གལ་ཆེན་དེ་བརྟན་དུ་བཏང་བས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཡོད་པ་རེད།
         ད་ཆའི་བོད་ལྗོངས་འདི་ཉིད་རི་བོ་ལྟ་ན་སྡུག་པ་དང་། ཆུ་མོ་དྭངས་ཤིང་གཙང་བ། སྲོག་ཆགས་སྣ་ཁ་མང་བ། རྩི་ཤིང་སྐྱེ་འཚར་ལེགས་པས། སྔར་བཞིན་འཛམ་བུ་གླིང་འདིའི་ཁོར་ཡུག་སྤུས་ཚད་ཡག་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་ཡིན་པ་མ་ཟད། དཔལ་འབྱོར་དང་སྤྱི་ཚོགས་ལྗང་མདོག་རྒྱུན་མཐུད་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་དང་སྐྱོད་མུས་ཡིན།
         "མཐའ་ཚད་དང་དམར་ཐིག"བརྟན་པོར་བསྲུངས་ནས་སྣོད་བཅུད་ཁོར་ཡུག་བློས་གཏོང་གིས་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུ་གཏན་འགོག་བྱས་པ།
         མཚོ་བོད་ས་མཐོའི་གྲུབ་ཆ་གཙོ་བོ་ཡིན་པའི་བོད་འདི་ཉིད་ལ་ཆ་སྙོམས་མཐོ་ཚད་སྨི་4000ཡན་ཡོད་པ་དང་། སྣོད་བཅུད་ཁོར་ཡུག་ལ་གཏོར་སྐྱོན་ཧ་ཅང་ཕོག་སླ་པོ་ཡོད། གནས་འདིའི་རང་བྱུང་མཚོ་མཚེའུ་དང་གཙང་པོ་ནམ་མཁའི་སྐར་མ་ས་ལ་འཕོས་པ་ལྟར་ཡོད་པས། གོ་ལ་ཧྲིལ་པོའི་གནམ་གཤིས་ལ་ཤུགས་རྐྱེན་ཆེན་པོ་ཕོག་གི་ཡོད།
         "བོད་ཀྱིས་སྣོད་བཅུད་སྲུང་སྐྱོང་དང་ཀྲུང་གོའི་ཆུ་གསོག་མཐོ་ལྕོག་ཡག་པོ་སྲུང་བར་དྲེད་མོ་ཡིས་འཕྱི་བ་འཛིན་པ་ལྟར་བྱ་རྒྱུ་མེད། གལ་སྲིད་སྣོད་བཅུད་ལ་གཏོར་སྐྱོར་བྱུང་ན་ཁེ་གྱོང་མགོ་མ་ཐུག"ཅེས་2015ལོའི་ཟླ་དང་པོར་ཀྲུང་དབྱང་ཏང་གི་སློབ་གྲྭའི་དུས་ཁག་དང་པོའི་རྫོང་ཨུད་ཧྲུའུ་ཅིའི་ཞིབ་འཇུག་ཟབ་སྦྱོང་འཛིན་གྲྭའི་བཞུགས་མོལ་ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་དེར་བོད་རང་སྐྱོང་ལྗོངས་མཚོ་གཉིས་རྫོང་གི་རྫོང་ཨུད་ཧྲུའུ་ཅིའི་འགན་འཁུར་མཁན་རྣམ་འཕེལ་དང་སྤེལ་རེས་གནང་སྐབས་བོད་ལྗོངས་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཐད་བླང་བྱ་དེ་དག་བཏོན་གནང་ཡོད།
         བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས"བོད་ལ་ཆ་མཚོན་ན། སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་དོན་འཁྱོལ་བྱེད་སྐབས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལེགས་པོ་བྱ་རྒྱུ་ནི་ཐོན་སྐྱེད་ནུས་ཤུགས་སྲུང་སྐྱོང་དང་། སྣོད་བཅུད་ཁོར་ཡུག་ལེགས་སུ་གཏོང་རྒྱུ་ནི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བའི་འདུ་ཤེས་འཛུགས་དགོས་ལ། བོད་ཀྱི་རི་བོ་སྔོན་པོ་ཡུན་ནས་ཡུན་དུ་གནས་པ་དང་། ཆུ་མོ་དྭངས་པོའི་བཞུར་རྒྱུན་ནམ་ཡང་ཆད་རྒྱུ་མེད་པ། མཁའ་རླུང་ཡག་པོ་ནམ་ཡང་རྔུབ་རྒྱུ་ཡོད་པ་བཅས་བྱེད་དགོས"ཞེས་གསུངས།
         "བོད་ལྗོངས་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཆེད་གསེར་ཡིན་ནའང་ང་ཚོས་སྔོག་མི་རུང"ཞེས་བོད་རང་སྐྱོང་ལྗོངས་ཁོར་ཡུག་སྲུང་སྐྱོང་ཐིང་གི་ཏང་ཙུའི་ཧྲུའུ་ཅི་ཧུའུ་ཝེ་མིན་གྱིས་བརྗོད་ཅིང་། ཁོང་གིས་འབྱུང་རྩ་ནས་སྦགས་བཙོག་དངོས་པོ་འབུད་མང་བ་དང་། ནུས་རྒྱུ་ཟད་གྲོན་ཆེ་བ། ཐོན་ཁུངས་བེད་སྤྱོད་ཉུང་བ། སྣོད་བཅུད་གཏོར་སྐྱོན་ཚབས་ཆེན་བཅས་ཀྱི་རྣམ་གྲངས་བོད་དུ་ནང་འདྲེན་བྱེད་པའི་གོ་སྐབས་རྩ་བ་ཉིད་ནས་སྤྲོད་རྒྱུ་མེད་ཅེས་བརྗོད།
         ཉེ་བའི་ལོ་ཤས་རིང་བོད་ཀྱིས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་30ལྷག་ཙམ་སྔ་རྗེས་སུ་བཏོན་ནས་ངར་ལྕགས་དང་། བཙོ་སྦྱང་། རྫས་འགྱུར་བཟོ་ལས། ཤོག་བུ་བཟོ་བ་སོགས་ཁོར་ཡུག་ལ་སྦགས་བཙོག་བཟོ་ཉེན་ཆེ་བའི་རྣམ་གྲངས་བོད་དུ་ནང་འདྲེན་བྱ་རྒྱུ་གཏན་འགོག་བྱེད་པ་དང་། གཏེར་ཁའི་ཐོན་ཁུངས་གསར་སྤེལ་བྱེད་སྐབས་སྲིད་གཞུང་གི"སྨྱུག་གཅིག་མའི"ཆོག་མཆན་སྤྲོད་པའི་ལམ་ལུགས་དང་ཁོར་ཡུག་སྲུང་སྐྱོང་ཐད"སྤ་སེ་གཅིག་གི་ཕྲུ་སློག་པའི"ལམ་ལུགས་དོན་འཁྱོལ་ནན་པོ་བྱེད་པ། ལྗོངས་ཡོངས་ཀྱི་རྫོང་(ཆུས)74ཡི་སྲིད་གཞུང་གིས་ཁོར་ཡུག་ལ་སྲུང་སྐྱོང་དཔྱད་ཞིབ་བྱེད་སྐབས་གངས་ལྗོངས་ས་མཐོའི་སྣོད་བཅུད་ལ"བཅའ་ཁྲིམས་ཀྱི་སྲུང་སྐྱོང་གདུགས"ཞིག་ཕུབ་ཡོད་པ་རེད།
         ཐབས་བརྒྱ་ཇུས་སྟོང་གིས་སྔོ་ལྗང་ཅན་དུ་འགྱུར་བ་བྱས་ནས་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་བརྟན་པོ་བསྐྲུན་པ།
         ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་བཀྲ་ཤིས་མཆོད་རྟེན་གྲོང་ཚོའི་རི་ལྡེབས་སུ་གསར་དུ་བཏབ་པའི་སྡོང་ཕྲུག་མུའུ་1300དེ་དག་ལ་མཆེ་བ་གཏོང་འགོ་ཚུགས།
         གྲོང་ཚོ་དེར་སྐྱོད་སྐབས་འགྲོ་ལམ་གཡས་གཡོན་གཉིས་ཀྱི་རྒྱ་ལྕང་རྣམས་ལོ་འདབ་རྒྱས་ནས་ལྗང་མདོག་གི་གྱོན་ཆས་སྤྲས་པའི་དམག་མི་དང་གཅིག་མཚུངས་ཀྱིས་སྡོད་ཁང་དང་ཞིང་ཁ་དག་སྲུང་བཞིན་མཆིས། གཡུ་འབྲུག་འཁྱུག་པ་ལྟར་རྒྱུག་བཞིན་པའི་ཡར་ཀླུང་གཙང་པོ་དང་ངོགས་གཉིས་ཀྱི་ཞིང་ནང་དང་སྔོ་ལྗང་ལྗོན་ཤིང་གིས་རི་གྲོང་དེར་སྐེ་རགས་ཤིག་བཅིངས་པ་དང་མཚུངས།
         དེ་སྔ་དེ་གར་མཛེས་ལྗོངས་དེ་ལྟ་བུ་མེད། ལྷོ་ཁ་དང་གཞིས་རྩེ་གྲོང་ཁྱེར་གཉིས་ཀྱི་ལུང་གཞུང་ནི་རེ་ཞིག་བོད་ཀྱི་བྱེ་རླུང་ལྡང་ཤོས་ཀྱི་ས་ཆར་གྱུར་ཡོད།
         ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྣོད་བཅུད་སྲུང་སྐྱོང་བྱ་རྒྱུ་དེ་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱེད་པ་དང་ཕྱོགས་བསྡུས་བྱ་ཐབས་སྤྱད་དེ་མཚོ་བོད་ས་མཐོའི་མཁའ་རླུང་གི་སྦགས་བཙོག་འབྱུང་ཁུངས་དང་ས་ཞིང་བྱེ་འགྱུར་ལ་ཚོད་འཛིན་དང་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ་དང་རྩྭ་ས་དང་། འདམ་ར། རང་བྱུང་ནགས་ཤིང་སོགས་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས་ལུགས་གསུངས་ཡོད།
         2009ལོར་ལག་བསྟར་བྱས་པའི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་སྲུང་སྐྱོང་དང་འཛུགས་སྐྲུན་འཆར་འགོད་ལག་བསྟར་བྱས་པ་ནས་ད་བར་བོད་ཀྱིས་མ་དངུལ་སྒོར་དུང་ཕྱུར་71.2བཏང་ནས་རིགས་ཆེ་གྲས་3གྱི་རྣམ་གྲངས་ཁག་10ཕྱོགས་ཡོངས་ནས་ལག་བསྟར་བྱེད་འགོ་ཚུགས་པའི་ཁྲོད་རང་བྱུང་རྩྭ་ས་སྲུང་སྐྱོང་དང་། འདམ་ར་གཙོ་བོ་སྲུང་སྐྱོང་། འགོག་སྲུང་ནགས་ཚལ་མ་ལག་སྐྲུན་པ། ས་ཆུ་ཤོར་བ་བཅོས་སྒྲིག་དང་སྣོད་བཅུད་བདེ་འཇགས་སྲུང་ཡོལ་ལྟ་ཞིབ་ཚད་ལེན་སོགས་ཚུད་ཡོད།
         སྔོ་ལྗང་གི་ནགས་ཚལ་ཆགས་པ་དང་རྩྭ་ཐང་སླར་གསོ་ཐུབ་ཡོད་དེ། ཉེ་བའི་ལོ་ཤས་ནང་བོད་ཀྱིས་ཕྱུགས་བཀག་རྩྭ་གསོ་དང་རྩྭ་ར་བསྙལ་རེས་བྱེད་པ་སོགས་ཀྱི་བྱ་ཐབས་སྤྱད་པས་ཕྱུགས་དོར་རྩྭ་གསོའི་འདུ་འགོད་ཀྱི་སྔོ་ཁེབས་ཁྱབ་ཚད་ཆ་སྙོམས་བརྒྱ་ཆའི་གྲངས་10ལྷག་ཙམ་མཐོ་རུ་ཕྱིན་ཡོད།
         "སའི་གོ་ལའི་གློ་བ"ཞེས་བརྗོད་པའི་འདམ་རའང་བོད་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་སྐྲུན་པའི་ཁྲོད་སྲུང་སྐྱོང་ཡག་པོ་བྱུང་ཡོད། "ལོ་ལྔ་ཚན་བཅུ་གཉིས་པའི"རིང་བོད་ཀྱིས་འདམ་ར་སྲུང་སྐྱོང་དང་སླར་གསོའི་འདུ་འགོད་38ལག་བསྟར་བྱས་ནས་འདམ་རའི་རྒྱ་ཁྱོན་སྤྱི་ཆིང་ཁྲི་652ཟིན་ཡོད།
         "རི་སྔོ་ཆུ་དྭངས"མཉམ་སྤྱོད་དང་སྣོད་བཅུད་བཟང་པོ་ནི་གསེར་རི་དངུལ་རི་ཡིན་པ།
         གཙོད་ནི་མཚོ་བོད་ས་མཐོའི་ཐོག་གི་སྲུང་སྐྱོང་སྲོག་ཆགས་ཤིག་རེད། ལྐོག་རྔོན་རྒྱག་པའི་གནས་ཚུལ་ཚབས་ཆེན་ཐོན་པ་ལས་སྐབས་ཤིག་རིང་། གཙོད་ཀྱི་གྲངས་ཚད་ཤུགས་ཆེན་ཆག་ཡོད།
         ས་བབ་མཐོ་ཚད་སྨི་4500ལྷག་ཙམ་ཡོད་པའི་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ནི་རང་རྒྱལ་གྱི་རྒྱ་ཁྱོན་ཆེ་ཤོས་ཀྱི་རང་བྱུང་སྲུང་སྐྱོང་ཁུལ་ཡིན་པ་དང་དེ་གར་གཙོད་དང་། རྐྱང་། འབྲོང་སོགས་རྒྱལ་ཁབ་ཀྱི་སྲུང་སྐྱོང་སྲོག་ཆགས་མང་པོ་འཚོ་སྡོད་བྱེད་ཀྱི་ཡོད།
         ས་མཐོའི་སྲུང་སྐྱོང་སྲོག་ཆགས་དེ་དག་ལ་སྲུང་སྐྱོང་དེ་བས་ལེགས་པ་བྱ་ཆེད། བོད་རང་སྐྱོང་ལྗོངས་ཀྱིས་ཆེད་མངགས་མ་དངུལ་སྒོར་དུང་ཕྱུར་3བཏང་ནས་སྲུང་སྐྱོང་ས་ཚིགས་73བཙུགས་པ་དང་ཞིང་འབྲོག་པ་སྲུང་སྐྱོང་པ་780གདན་ཞུ་བྱས་ནས་བྱང་རྩྭ་ཐང་ཐོག་སྲུང་སྐྱོང་དཔུང་ཁག་ཅིག་བཙུགས་ཡོད།
         ལོ་འགའི་འབད་བརྩོན་ལས་བྱང་རྩྭ་ཐང་ཐོག་གི་གཙོད་དེ་སྔའི་ཁྲི་5ཙམ་ནས་ད་ཆའི་ཁྲི་20ཙམ་བར་མང་དུ་ཕྱིན་ཏེ"སྟོང་ཉེར་ཡོད་པའི་སྲོག་ཆགས་རིགས"ཞེས་པའི་ལོ་རྒྱུས་མཇུག་འགྲིལ་ཡོད།
         སྲོག་ཆགས་གཞན་གྱི་གྲངས་ཚད་ཀྱང་མང་དུ་འགྲོ་བཞིན་ཡོད་དེ། རྐྱང་དེ་སྔའི་ཁྲི་3ནས་ད་ཆའི་ཁྲི་8ཙམ་བར་མང་དུ་ཕྱིན་པ་དང་། ཡུན་ནན་གྱི་སྤྲེལ་ཁྲའི་གྲངས་ཚད་1000བར་མང་དུ་ཕྱིན་པ། ཁྲུང་ཁྲུང་སྐེ་ནག་གི་གྲངས་ཚད་8000ཙམ་བར་མང་དུ་ཕྱིན་པ། གསའ་ཡང་གངས་ལྗོངས་ས་མཐོར་ཡང་ཡང་མཐོང་རྒྱུ་ཡོད་པ་རེད།
         སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་ནི་བྱས་རྗེས་དེང་འདིར་འཇོག་པ་དང་ཕན་འབྲས་བསྐལ་བརྒྱར་ཐོན་པའི་བྱ་གཞག་ཞིག་རེད། སྲོག་ཆགས་སྲུང་སྐྱོང་གི་ས་ཚིགས་བཙུགས་རྗེས་ས་གནས་དེ་གའི་འབྲོག་པ་དབུལ་པོ་ཚོར་སྣོད་བཅུད་ཀྱི་ཁེ་སྤོགས་མཉམ་སྤྱོད་ཐུབ་ཡོད་ཅིང་། ནག་ཆུ་ས་ཁུལ་ཉི་མ་རྫོང་ནོར་བུ་གཡུ་རྒྱལ་དོ་དམ་ས་ཚིགས་ཀྱི་སྐལ་བཟང་ལྷུན་གྲུབ་ནི་དེའི་གྲས་ཡིན་པ་དང་ཟླ་རེར་གླ་ཕོགས་སྒོར་2000ཡོད་པ་རེད།
         ད་ཆ་ནོར་སྲིད་མ་དངུལ་གྱི་རྒྱབ་སྐྱོར་འོག་ཞིང་འབྲོག་པ་ཁྲི་30ལྷག་ཙམ་བདག་ཏུ་མ་བཟུང་བའི་སྲོག་ཆགས་སྲུང་སྐྱོང་པའི་དཔུང་ཁག་ནང་ཞུགས་ནས་གངས་ལྗོངས་ས་མཐོའི་སྣོད་བཅུད་སྲུང་སྐྱོང་པར་གྱུར་ཡོད།
         སྔོ་ལྗང་འཕེལ་རྒྱས་མཐའ་འཁྱོངས་ཀྱིས་སྣོད་བཅུད་བཟང་པོར་ཕན་འབྲས་ཐོབ་པ་བྱེད་པའི་འདུ་ཤེས་དེ་བོད་ཀྱི་རིམ་ཁག་འགོ་ཁྲིད་ལས་བྱེད་པའི་སེམས་ནང་བརྟན་པོ་ངེས་པ་མ་ཟད། མང་ཚོགས་དཀྱུས་མ་ཚོས་ཡང་བརྟན་པོར་ངེས་ཡོད།
         ལོ་58ལ་སོན་པའི་བོད་རིགས་མང་ཚོགས་དཔལ་འབྱོར་ནི་ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་གི་སྡོང་ཕྲུག་ར་བའི་རྟེན་གཞིའི་འགན་འཁུར་བ་ཞིག་རེད། ལོ་བཅུ་གྲངས་ནང་དཔལ་འབྱོར་གྱིས་སྡོང་ཕྲུག་ཁྲི་མང་པོ་བཏབ་སྟེ་ཡར་ཀླུང་གཙང་པོའི་ངོགས་གཉིས་ནས་ལྷོ་ཁ་གྲོང་ཁྱེར་གྱི་རྫོང་12བར་དང་མངའ་རིས་དང་གཞིས་རྩེ་སོགས་ས་ཆར་ཡང་བཏབ་ནས་མཚོ་བོད་ས་མཐོར་སྔོ་ལྗང་གི་གོས་བཀླུབས་པ་མ་ཟད་ཁོང་དང་ནང་མི་ཚོར་ཡང་ལོ་ལྟར་ཡོང་འབབ་སྒོར་ཁྲི་བཅུ་གྲངས་ཁ་ཤས་ཡོང་བ་བྱས་ཡོད།
         རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་ལ་ཡུལ་ལུང་ཁ་བས་བཏུམས་པ་དེའང་གསེར་རི་དངུལ་རི་ཡིན། སྣོད་བཅུད་ཁོར་ཡུག་ལེགས་པོས་བོད་ཀྱི་སྣོད་བཅུད་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ལ་སྐུལ་མ་ཤུགས་ཆེན་ཐེབས་ནས་ཞིང་འབྲོག་པ་འབོར་ཆེན་ཞིག་ལ"སྣོད་བཅུད་ཡུལ་སྐོར་གྱི་ཡོང་འབབ"བྱུང་ཡོད།
         གྲངས་གཞི་ལས་མངོན་གསལ། བོད་ཞི་བས་བཅིངས་འགྲོལ་བཏང་ཚུན་ཀྲུང་དབྱང་སྲིད་གཞུང་གིས་བོད་ལ་ནོར་སྲིད་ཁ་གསབ་སྣ་ཚོགས་བྱས་པ་དེས་བོད་ཀྱི་ས་གནས་ཀྱི་སྤྱི་པའི་ནོར་སྲིད་གཏོང་སྒོའི་95%ཙམ་བཟུང་ཡོད། “ལོ་ལྔ་ཚན་བཅུ་གཉིས་པའི”རིང་ཁོ་ནར་ཀྲུང་དབྱང་ནོར་སྲིད་ཀྱིས་བོད་ཀྱི་རྩྭ་ཐང་སྣོད་བཅུད་སྲུང་སྐྱོང་ཁ་གསབ་བྱ་དགའི་དངུལ་སྒོར་དུང་ཕྱུར་100ལས་བརྒལ་བ་སྤྲད་ཡོད།
         1994ལོར་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གསུམ་པའི་ཐོག"ཁུལ་ཕྱེ་ནས་འགན་འཁུར་བ་དང་། ཁ་གཏད་རོགས་སྐྱོར་བྱེད་པ། དུས་བཀག་ཐོག་བརྗེ་རེས་བྱེད་པ"བཅས་ཀྱི་འཐབ་ཇུས་གལ་ཆེན་བཏོན་ནས་ད་བར་ཞིང་ཆེན་དང་གྲོང་ཁྱེར་18དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་70 ཀྲུང་དབྱང་ཁེ་ལས་17བཅས་ཀྱིས་སྔ་རྗེས་སུ་ཁག་ཐེངས་བརྒྱད་ལ་ལས་བྱེད་པ་7000ལྷག་ཙམ་བོད་དུ་ལས་ཀ་བྱེད་པར་མངགས་པ་དང་བོད་སྐྱོར་རྣམ་གྲངས་8000ལྷག་ཙམ་ས་མཐོར་ལག་བསྟར་བྱས་པའི་ཁྲོད་མི་ཉུང་བ་ཞིག་ནི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་རྣམ་གྲངས་རེད། ཧྲའན་ཤིས་ཀྱི་བོད་སྐྱོར་ལས་དོན་རུ་ཁག་གིས་མངའ་རིས་སུ་མི་ཐབས་ལ་བརྟེན་ནས་རྩྭ་འདེབས་རོགས་བྱས་པར་ཚད་བརྒལ་གསར་པ་བྱུང་བ་དང་ཧྲན་ཏུང་གི་བོད་སྐྱོར་ལས་དོན་རུ་ཁག་གིས་གཞིས་རྩེའི་རྣམ་གླིང་རྫོང་གི་ཡར་ཀླུང་གཙང་པོའི་བྱང་ངོགས་ཀྱི་སྣོད་བཅུད་དཔེ་སྟོན་ཁུལ་གྱི་རྣམ་གྲངས་མཐུད་སྐྲུན་བྱས་པ་སོགས་ཀྱིས་བོད་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་རྒྱུན་མཐུད་བྱ་རྒྱུར་སྒུལ་ཤུགས་བསྣན་ཡོད།
         སྣོད་བཅུད་ཁོར་ཡུག་བཟང་པོ་ནི་ཕན་པ་ཡོངས་ཁྱབ་ངང་ཐོབ་པའི་དམངས་འཚོའི་བདེ་རྩ་ཞིག་རེད།
      

    ཕྱོགས་བསྡུས་གསར་འགྱུར།