འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅༎ཉི་ཧོང་གི་གྲོས་ཁང་འོག་མའི་ཚང་འཛོམས་གྲོས་ཚོགས་ཐོག་གནམ་བསྐོས་གོང་མ་གོ་གནས་ཕྱིར་
    སྤྲོད་ཀྱི་ཁྲིམས་དོན་གྲོས་གཞིར་གྲོས་འཆམ་བྱུང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་06ཉིན། 10:09】   (རྩོམ་སྒྲིག་འགན་འཁུར་པ། ཀླུ་སྒྲོན།)

     
    ༄༅༎ཉི་ཧོང་གི་གྲོས་ཁང་འོག་མའི་ཚང་འཛོམས་གྲོས་ཚོགས་ཐོག་གནམ་བསྐོས་གོང་མ་གོ་གནས་ཕྱིར་
སྤྲོད་ཀྱི་ཁྲིམས་དོན་གྲོས་གཞིར་གྲོས་འཆམ་བྱུང་བ།
          མི་དམངས་དྲ་བའི་འཕྲིན། ཚེས་2ཉིན་ཉི་ཧོང་གི་རྒྱལ་ཚོགས་ཀྱི་གྲོས་ཁང་འོག་མའི་ཚང་འཛོམས་གྲོས་ཚོགས་ཐོག་བརྡས་ཐག་བཅད་ནས་གྲོས་འཆམ་བྱས་རྗེས་མིང་རེན་གནམ་བསྐོས་གོང་མ་གོ་གནས་ཕྱིར་སྤྲོད་ཀྱི་དམིགས་བསལ་ཁྲིམས་དོན་གྲོས་གཞི་མངོན་འགྱུར་བྱུང་ཡོད། ཉི་ཧོང་གི་སྨྱན་སྦྱོར་ཐོག་གནས་ཚུལ་སྤེལ་བའི་ནང་ཁྲིམས་དོན་གྲོས་གཞི་དེ་གཟའ་འཁོར་རྗེས་མར་གྲོས་ཁང་གོང་མར་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུ་རེད་ཅེས་འཁོད་ཡོད། ཐུན་མོང་གསར་འགྱུར་ཁང་ནས་གནས་ཚུལ་སྤེལ་བ་ལྟར་ན། ཁྲིམས་དོན་གྲོས་གཞི་དེའི་ནང་གོ་གནས་ཕྱིར་སྤྲོད་བྱས་རྗེས་ཀྱི་གནམ་བསྐོས་གོང་མ"གོང་མའི་ཡབ"ཅེས་འབོད་པ་དང་ཆབས་ཅིག་གཏན་འཁེལ་གྱི་ཁྲིམས་དོན་གྲོས་གཞིར་རྒྱལ་ཚོགས་ཀྱི་གྲོས་འཆམ་བྱུང་རྗེས་ཡོངས་བསྒྲགས་བྱ་རྒྱུའི་ཁར་ལོ་གསུམ་ནང་ཚུན་དུ་ལག་བསྟར་བྱ་རྒྱུ་རེད། ཁྲིམས་དོན་གྲོས་གཞིའི་ནང་མིང་རེན་གནམ་བསྐོས་གོང་མའི་མི་རབས་དེ་རང་མ་གཏོགས་གོ་གནས་ཕྱིར་སྤྲོད་བྱེད་མི་ཆོག་པའི་གཏན་འབེབས་བྱས་མོད། འོན་ཀྱང་དེའང་འབྱུང་འགྱུར་དཔྱད་གཞིར་འཛིན་རྒྱུའི་སྔོན་དཔེར་འགྱུར་རྒྱུ་རེད།
         གོང་གི་པར་དེ་ནི་ཟླ་6ཚེས་2ཉིན་རི་པིན་ཐོ་ཁེའོ་རུ་རྒྱལ་ཚོགས་ཀྱི་གྲོས་ཁང་འོག་མར་ཚང་འཛོམས་གྲོས་ཚོགས་འཚོག་པའི་གནས་ཚུལ་རེད་འདུག
      

    ཕྱོགས་བསྡུས་གསར་འགྱུར།