འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅༎གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་ལ་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཐོག་མ་བཟོས་པ།

    ——ཁྲིམས་འགལ་བྱས་ཚེ་དངུལ་ཆད་མང་ཤོས་སྒོར་ཁྲི་20གཏོང་ཆོག

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་06ཉིན། 11:08】   (རྩོམ་སྒྲིག་འགན་འཁུར་པ། ཀླུ་སྒྲོན།)

     
          མི་དམངས་དྲ་བའི་འཕྲིན། ཚེས་2ཉིན་གྲོས་འཆམ་བྱུང་བའི་《གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་སྲོལ་ཡིག་(ཚོད་ལྟའི་ལག་བསྟར་)》གཞིར་བཟུང་། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དུ་གཏེར་འདོན་དང་། ཤིང་གཅོད། རྔོན་རྒྱག ཉ་འཛིན། ས་རྒོད་སློག་པ་སོགས་ཀྱི་ཁྲིམས་འགལ་བྱེད་སྤྱོད་སྤེལ་ཚེ། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་ཐོན་ཁུངས་ཁོར་ཡུག་ཕྱོགས་བསྡུས་ཁྲིམས་འཛིན་སྒྲིག་གཞིས་བཀའ་བཏང་ནས་མཚམས་འཇོག་བྱེད་པ་དང་། དུས་བཀག་ནང་བཅོས་སྒྲིག་བྱེད་པ། ཁྲིམས་འགལ་ཐོབ་ཆ་གཞུང་བཞེས་གཏོང་བ་སོགས་ཀྱི་ཆད་པ་གཅོད་ཆོག་ལ། གནས་ཚུལ་ཚབས་ཆེ་ཆུང་ལ་གཞིར་བཟུང་སྒོར་1000ཡན་དང་སྒོར་ཁྲི་20མན་གྱི་དངུལ་ཆད་ཀྱང་གཏོང་ཆོག
         ཚེས་2ཉིན་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་སོ་བཞིའི་ཐོག་གོང་གི་སྲོལ་ཡིག་དེར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་ཞིག་རེད། 2017ལོའི་ཟླ་8ཚེས་1ཉིན་ལག་བསྟར་བྱ་རྒྱུ་རེད། དེའི་ཐོག་ནས་རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟ་བྱེད་ས་ཐོག་མར་དོ་དམ་དང་སྲུང་སྐྱོང་ལས་དོན་ཁག་སྤེལ་བར་སླད་ཕྱིན་ཁྲིམས་ཀྱི་གཞི་འཛིན་ས་ཡོད་པ་མཚོན་ཐུབ།
         སྲོལ་ཡིག་ནང་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་ནང་གཏེར་འདོན་དང་། ཤིང་གཅོད། རྔོན་རྒྱག ཉ་འཛིན། ས་རྒོད་སློག་པ། འདམ་སོལ་སྔོག་འདོན། ལ་མ་བཀོག་པ་བཅས་བྱེད་མི་ཆོག་པ་དང་། རང་དགར་རྡོ་གཤོག་པ་དང་། བྱེ་མ་འདོན་པ། ས་ལེན་པ། ཆུ་འཐེན་པ་བཅས་བྱེད་མི་ཆོག་པ། རང་དགར་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གཙོ་གནད་སྲུང་སྐྱོབ་བྱེད་པའི་བདག་ཏུ་མ་བཟུང་བའི་སྐྱེ་དངོས་སྔོག་འཐུ་དང་། ཡུལ་གཞན་གྱི་སྲོག་ཆགས་དེར་ནང་འདྲེན་དང་གློད་པ། བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་ཀེང་རུས་དང་འདབ་ཆགས་ཀྱི་སྒོ་ང་སོགས་སྒྲུག་པ་བཅས་བྱེད་མི་ཆོག་པའི་གཏན་འབེབས་བྱས་ཡོད།
         སྲོལ་ཡིག་དེས་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དོ་དམ་སྒྲིག་གཞིའི་ཆོག་མཆན་མ་ཐོབ་པར་རང་དགར་གླིང་དུ་བསྐྱོད་དེ་ཚན་ཞིབ་བྱེད་པ་དང་། བརྡ་ཆ་སྒྲིག་སྦྱོར་བྱེད་པ། མི་མེད་འཕུར་སྐྱོད་ཡོ་ཆས་སྤྱོད་པ་སོགས་ཀྱི་བྱེད་སྤྱོད་ལ་ལྟོས་བཅས་ཀྱི་ཆད་གཅོད་བྱ་ཐབས་བཟོས་ཡོད།
         མཚོ་སྔོན་ཞིང་ཆེན་ལྷོ་རྒྱུད་དུ་གནས་པའི་གཙང་གསུམ་ཆུ་འགོ་ས་ཁུལ་ནི་འབྲི་ཆུ་དང་། རྨ་ཆུ། རྫ་ཆུ་བཅས་ཀྱི་ཆུ་འགོ་ཡིན། ན་ནིང་ཟླ་4ཚེས་13ཉིན་རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཐོག་མ་ཚོད་ལྟ་བྱ་ཡུལ་ས་ཁོངས་དེར་བཙུགས་པ་དང་གླིང་དེའི་སྤྱིའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་12.31ཟིན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།