འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅༎ཀྲུང་གོས"རྒྱུད་གཅིག་ལམ་གཅིག"གི་རྒྱལ་ཁབ་ནས་རྒྱལ་སྒྲོལ་སྡེབ་ཉོ་བྱེད་ཚད་མཐོ་རུ་ཕྱིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་06ཉིན། 09:56】   (རྩོམ་སྒྲིག་འགན་འཁུར་པ། ཀླུ་སྒྲོན།)

     
         མི་དམངས་དྲ་བའི་འཕྲིན། ཐང་སེན་ལུའུ་ཐོའུ་དང་། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་། ཆིང་ཧྭ་སློབ་ཆེན་གྱི་ཆིང་ཧྭ—ཆིང་ཏའོ་གྲངས་གཞིའི་ཚན་རིག་ཞིབ་འཇུག་ཁང་བཅས་ཀྱིས་ཉེ་ཆར་མཉམ་འབྲེལ་ཐོག་ཁྱབ་བསྒྲགས་བྱས་པའི་ཞིབ་འཇུག་སྙན་ཞུ་ལས་མངོན་གསལ། ཉེ་བའི་ལོ་ཤས་རིང་ཀྲུང་གོའི་ཁེ་ལས་ཀྱིས"རྒྱུད་གཅིག་ལམ་གཅིག"གི་འབྲེལ་ཡོད་རྒྱལ་ཁབ་ནས་རྒྱལ་སྒྲོལ་སྡེབ་ཉོ་བྱེད་ཚད་འཕར་བས་འབྲེལ་ཡོད་ས་ཁོངས་ཀྱི་ཕྱི་ཕྱོགས་མ་དངུལ་ཡོང་ཁུངས་རྒྱལ་ཁབ་གཙོ་བོའི་གྲས་སུ་འགྱུར་བ་རེད།
         དེ་ཉིན་ཁྱབ་བསྒྲགས་བྱས་པའི་《"རྒྱུད་གཅིག་ལམ་གཅིག"གི་རྒྱལ་སྒྲོལ་སྡེབ་ཉོའི་ཞིབ་འཇུག་སྙན་ཞུ་》དང་《"རྒྱུད་གཅིག་ལམ་གཅིག"གི་རྒྱལ་སྒྲོལ་སྡེབ་ཉོ་བྱེད་མང་བའི་སྟོན་གྲངས་》ནི་ཐང་སེན་ལུའུ་ཐོའུ་ཡི་སྡེབ་ཉོའི་གྲངས་གཞིའི་མཛོད་གཞིར་བཟུང་བ་དང་གོ་ལ་ཧྲིལ་པོས"རྒྱུད་གཅིག་ལམ་གཅིག"གི་ལམ་རྒྱུད་རྒྱལ་ཁབ་ལ་དམིགས་པའི་རྒྱལ་སྒྲོལ་སྡེབ་ཉོའི་ལོ་རྒྱུས་གནས་ཚུལ་ལ་རྟོག་ཞིབ་བྱས་པ་ཞིག་རེད། སྙན་ཞུ་ལས་མངོན་པར། གོ་ལ་ཧྲིལ་པོས"རྒྱུད་གཅིག་ལམ་གཅིག"གི་འབྲེལ་ཡོད་རྒྱལ་ཁབ་ཀྱིས་རྒྱལ་སྒྲོལ་སྡེབ་ཉོ་བྱེད་པའི་དངུལ་འབོར་ཨང་དང་པོ་ནས་གསུམ་པའི་བར་གྱི་ལས་རིགས་ནི་དངུལ་རྩ་དང་། ནུས་རྒྱུ། གློག་འཕྲིན་ཞབས་ཞུ་བཅས་ཡིན། ཨ་རིས་དངུལ་རྩའི་ལས་རིགས་ཐད་ཀྱི་རྒྱལ་སྒྲོལ་སྡེབ་ཉོ་བྱེད་ཚད་ཆེ་ཤོས་ཡིན་པ་དང་རི་པིན་གྱིས་བཟོ་ལས་དང་རྒྱུ་ཆའི་ལས་རིགས་ཐད་ཀྱི་སྡེབ་ཉོ་བྱེད་ཚད་ཅུང་མང་པོ་ཡོད། ཡིན་ཡང་ཀྲུང་གོས་ནུས་རྒྱུ་དང་། གློག་ཤུགས། རྒྱུ་ཆའི་ལས་རིགས་བཅས་ཐད་ཀྱི་སྡེབ་ཉོར་ཕྱོགས་མང་བ་ཡོད།
         ཐང་སེན་ལུའུ་ཐོའུ་ཀྲུང་གོའི་ཁུལ་གྱི་ཏུང་ཧྲི་སྤྱི་ཁྱབ་ཅིང་ལི་ཅིན་ཧྲང་ཧའོ་ཡིས་སྙན་ཞུ་ཁྱབ་བསྒྲགས་ཚོགས་འདུ་གྲོལ་རྗེས་སྨྱན་སྦྱོར་གྱི་བཅར་འདྲི་དང་ལེན་བྱེད་སྐབས། ཀྲུང་གོའི་ཁེ་ལས་ཀྱིས་ལོ་མང་རིང་རྒྱལ་སྤྱིའི་སྡེབ་ཉོའི་ནང་ཉམས་མྱོང་མང་པོ་གསོག་འཇོག་བྱས་པ་དང་རྒྱལ་སྒྲོལ་མ་འཇོག་ཐད་རྒྱུས་མངའ་ཆེན་པོ་ཡོད་པས་འཛམ་གླིང་དཔལ་འབྱོར་ཁྲོད་ནུས་པ་གལ་ཆེན་སྔར་བས་འདོན་སྤེལ་བྱ་རྒྱུ་རེད་ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།